| | e-texts navigator
|
346a1 སྲས་ཕུན་སུམ་ཚོགས་པའི་དཔལ་གྱིས་གཞན་ལས་མཐོ་བས་མངའ་ཚེར་སྦྱར་བའི་སའི་བདག་པོ་ན་པཾ་པཱ་ལ་ཞེས་བྱ་བས་མཐོ་རིས་དང་ཐར་པའི
346a2 ཐེམ་སྐྲས་མཁས་ཤིང་བཙུན་ལ་དུལ་བའི་སྐྱེས་བུ་དམ་པ་རྣམས་ཀྱི་བཞུགས་གནསུཾ་མཛད་པའི་གཙུག་ལག་ཁང་ཛ་གདྷཱ་ལ་ན་མཁས་པའི་སྐྱེ་དགུ་པཎྜི་ཏ་རྣམས་མང་དུ་བྱུང་ཞིང
346a3 མང་གིས་ཀྱང་ཆེན་པོ་ལས་ཅན་པོར་གྱུར་པ།ལྔ་བརྒྱ་པའི་ཐམས་ཅད་མཁྱེན་པར་འཇིག་རྟེན་ལས་སྒྲོགས་པ།སྔོན་གྱི་སློབ་དཔོན་ཆེན་པོ་རྣམས་དང་མཚུངས་པ་ཡིན་ཞེས་བྱ
346a4 བའི་བསྔགས་པས་པཎྜི་ཏ་རྣམས་ཀྱིས་བསྔགས་པར་མཛད་པ།འཇིག་རྟེན་གྱི་ཕུན་སུམ་ཚོགས་པས་ང་རྒྱལ་བའི་རྒྱལ་པོ་དང་བློན་པོ་རྣམས་ཀྱིས་ལུས་ཀྱི་མགོ་ལྟར་གཉ
346a5 བར་ཁུར་བ་མཁས་པའི་ང་རྒྱལ་ཅན་པཎྜི་ཏ་དང་།འཇིག་རྟེན་པ་རྣམས་ཀྱིས་གཙུག་གི་ནར་བུ་ལྟར་འཛིན་པ།ཚེ་འདི་རིང་དུ་སྤངས་པའི་སྐྱེ་བོ་ཐར་པ་སྒྲུབ་པ་ལ་བརྩོན་པ
346a6 རྣམས་ཀྱིས་སྐྱོན་ལེགས་པར་མཐོང་བས་ལམ་འདྲེན་པའི་མིག་དང་འདྲ་བར་འདྲེན་པར་ལྟ་བ།ཡུལ་གྱི་མི་ཐམས་ཅད་ཀྱིས་བུ་གཅིག་པོ་ལྟར་སྐྱིང་དུ་སྡུག་ཅིང་མཐུན་པར
346a7 གྱུར་པས་དམུ་རྒོད་ལྟ་བུར་ལོག་པར་སྒྲུབ་པ་རྣམས་ལ་ཆེས་མཐུན་པར་འཛིན་པས་ཡིད་འཕྲོག་པར་མཛད་པ།འགྲོ་བ་ཉམ་ཐག་པ་རྣམས་གཟིགས་ནས་བརྩེ་བའི་ཟུག
iiif viewer powered by OpenSeadragon
345b - 346b