e-texts navigator
Collection
Volume
Page
Wylie

345b1 ཡོནནོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ལ།དགེ་སློང་དེ་དག་རྣམས་ཀྱང་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
345b2 ལུས་དྲན་པ་ཉེ་བར་བཞག་པའོ།།།སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས
345b3 སོཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་།།རྒྱུ་དེ་དེ་བཞིན་གཤེགས་པས་གསུངས།།དེ་ཡི་འགོག་པ་གང་ཡིན་པ།།དགེ་སྦྱོང་ཆེན་པོས་དེ་སྐད་གསུངས
345b4 ཉེ་བར་མཁོ་བ་ཐམས་ཅད་ལེགས་པར་སྐྲུན་པ་ལ་སོགས་པ་ཕུན་སུམ་ཚོགས་པའི་དངོས་པོ་མཐའ་དག་དང་ལྡན་པས་གཞིའི་ཡོན་ཏན་དང་རིག་པའི་གནས་མཐའ་དག་གི་འབྱུང
345b5 གནསུ་གྱུར་པ་སྦྱང་ཞིང་སྦྱིན་ལ་སྐྱེ་བོ་ཐམས་ཅད་བློ་དང་ལྡན་པས་ཛམྦུའི་གླིང་གི་ཡུལ་རྣམས་ཀྱི་མིག་ཏུ་དགོངས་ནས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་རྫོགས
345b6 པར་སངས་རྒྱས་པའི་ནི་ཀླུང་ཆེན་པོ་འབབ་པ་ཆུ་བོ་གངྒཱའི་འགྲམ་གྱིས་བསྡུས་པ་ཆོས་ཡངས་པར་གྱུར་པ་རྒྱ་གར་གྱི་ཡུལོ།།དེའི་ཡང་དབུས་སུ་གཏོགས་པ་ལས་ཤར་གྱི་ཆ
345b7 ཡུལ་ཆེན་པོ་ཤར་ཕྱོགས་པ་ལནྡྲ་ཞེས་བྱ་བའི་གཙུག་ལག་ཁང་ཆེན་པོ་སྟོན་པའི་བསྟན་པའི་མིག་དང་།རྩ་བ་དང་།གཞིར་གྱུར་པ།དཔལ་དང་ལྡན་པའི་རྒྱལ་པོམ




iiif viewer powered by OpenSeadragon

345a - 346a

Texts on this page

N272 - 'phags pa dam pa'i chos dran pa nye bar gzhag pa