e-texts navigator
Collection
Volume
Page
Wylie

345a1 དང་།སྐྱེས་པར་མ་གྱུར་པའི་གནས་གཅིག་དང་ཡང་ལྡན་པའི་ནི་དེས་གཅིག་ཀྱང་མ་མཐོང་ངོ་།།ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟག་པར་རྒྱུན་དུ་ནང
345a2 དང་གཞན་དང་།ནང་དང་ཕྱིའི་ལུས་རྣམས་ལ་ཡང་ལྟ་བར་བྱེད་པས་ནི་ལུས་ལ་ཀུན་ཏུ་ཆགས་པར་མི་འགྱུརརོ།།སྡུག་པར་གྱུར་པའི་སྒྲ་དང་།རོ་དང་གཟུགས་དང་།དྲྀ་དང་།
345a3 རེག་བྱ་རྣམས་ཀྱིས་ཀྱང་ཕྲོགས་པར་མི་འགྱུརརོ།།དེ་ལྟར་ནཱི་ལ་ཏིའི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་དང་།ལུས་དྲན་པ་ཉེ་བར་བཞག་པ་ལ་མངོན་པར་བརྩོན་པའི་དགེ་སློང
345a4 རྣམས་ཀྱང་བདུད་ཀྱི་དྲུང་ན་རབ་ཏུ་མི་གནསོ།།དེ་ལྟར་ལུས་དྲན་པ་ཉེ་བར་བཞག་པ་ཐོས་པར་གྱུར་པས་ཀྱང་རབ་ཏུ་མང་པོ་རྣམས་ཀྱིས་འཇིགས་ཚོགས་ལ་ལྟ་བའི་མིག་སྤྲིན་ཕུག་ནས
345a5 བླ་ན་མེད་པའི་ཆོས་རྣམས་ལ་ཆོས་ཀྱི་མིག་སྐྱེས་པར་གྱུར་ཏོ།།དགེ་སློང་དག་ངས་ཇི་སྐད་དུ་ལུས་དྲན་པ་ཉེ་བར་བཞག་པ་བསྟན་པར་བྱའོ་ཞེས་བརྗོད་པ་ལ་བཤད་པ་ནི་དེ་དག
345a6 རྣམས་ཡིན།།དགེ་སློང་དག་དེ་དག་རྣམས་རི་དང་།རིའི་ཁྲོད་དང་།རིའི་ཕུག་དང་།དུར་ཁྲོད་དང་།བླ་གབ་མེད་པ་དང་རྣམསུ་རྩཝ་སོགས་ཀྱི་ཕུང་པོ་ལ་བསམ
345a7 གཏན་དུ་གྱིས་ཤིག།བུག་མེད་པས་གནས་པར་མ་བྱེད་ཅིག།ཕྱི་ནས་འཆི་བའི་དུས་ན་འགྱོད་པར་འགྱུར་བ་མ་བྱེད་དང་།འདི་ནི་ཁྱེད་རྣམས་ལ་རྗེ་སུ་གདམས་པ




iiif viewer powered by OpenSeadragon

344b - 345b

Texts on this page

N272 - 'phags pa dam pa'i chos dran pa nye bar gzhag pa