e-texts navigator
Collection
Volume
Page
Wylie

86a1 ནསྡུང་དང་།གཏི་མུག་གིས་རབ་ཏུ་གཟིར་བའི་དབང་གིས་བྱུང་བ་འམ།ང་རྒྱལ་དང་།འཆབ་པ་དང་།འཁོན་དུ་འཛིན་པའི་དབང་གིས་བྱུང་བའམ།ཕྲུག་དོག་དང་།
86a2 སེར་སྣ་དང་།མྱ་ངན་གྱི་དབང་གིས་བྱུང་བ་འམ་སྒྱུ་དང་གཡོའི་དབང་གིས་བྱུང་བ་འམ།མངོན་པར་ཞེན་པའི་སྟོབས་ཀྱིས་བྱུང་བ་འདི་ལྟ་སྟེ།ལས་ཀྱི་སྒྲིབ་པ་འམ།ཆོས་ཀྱི་སྒྲིབ་པའམ།
86a3 ཉོན་མོངས་པའི་སྒྲིབ་པ་འམ།ལྟ་བའི་སྒྲིབ་པའམ།མི་ཤེས་པའི་སྒྲིབ་པ་འམ།རྣམ་པར་སྨིན་པའི་སྒྲིབ་པ་འམ།ཆོས་ཀྱིས་ཕོངས་པར་འགྱུར་བའི་སྒྲིབ་པ་འམ།ཉན་ཐོས་དང་།
86a4 རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་སྒྲིབ་པ་འམ།ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་སྒྲིབ་པ་འམ།དགེ་བའི་རྩ་བ་ཐམས་ཅད་སོགས་པ་ལ་གནོད་པའི་སྒྲིབ་པ་འམ།
86a5 སྡིག་པའི་གྲོགས་པོ་དང་འདྲེ་བའི་སྒྲིབ་པ་འམ།བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཡོངསུ་རྫོགས་པར་བགྱི་བ་ལ་སྒྲིབ་པ་དང་ཆོད་པའང་རུང་སྟེ།
86a6 སྒྲིབ་པའི་ལས་བགྱིས་ཤིང་བསོགས་པ་སྒྲིབ་པོའི་ཀུན་ནས་ལྡང་བ་གང་གིས་སེམས་ཅན་དམྱལ་བར་མཆི་བར་འགྱུར་བ་དང་།དུད་འགྲོའི་སྐྱེ་གནསུ་མཆི་བར་འགྱུར་བ་དང་།
86a7 ཡི་དགས་ཀྱི་ཡུལ་དུ་མཆི་བར་འགྱུར་བ་དང་།ལྷ་དབུལ་པོར་སྐྱེ་བར་འགྱུར་བ་དང་།སངས་རྒྱས་ལ་ལྟ་བ་ཡོངསུ་མི་འཛིན་པ་དང་།ཆོས་མཉན་པ་ཡོངསུ་མི་ལེན་པ་དང་།




iiif viewer powered by OpenSeadragon

85b - 86b

Texts on this page

N269 - 'phags pa phung po gsum pa zhes bya ba theg pa chen po'i mdo