e-texts navigator
Collection
Volume
Page
Wylie

85a1 །གནས་པའི་ཡུལ་མྱེ་སུ་ཞུགས་པས་དེ་བཞིན་གཤེགས་པ་ལ་མཆོད་པར་བགྱིའོ།།དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་སླད་དུ་དེ་བཞིན
85a2 གཤེགས་པ་ལ་མཆོད་པ་དང་།རིམ་གྲོ་བགྱི་བ་གཙུག་གི་བླ་མ་ཞེས་བགྱི་བས་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འདུག་སྟེ།དེ་བཞིན་གཤེགས་པཱ་ལ
85a3 མཆོད་པ་འདི་ལྟ་སྟེ།ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ།མ་སྐྱེས་པའི་ཆོས་ལས་བྱུང་བ།བྱང་ཆུབ་སེམས་དཔའི་རིགས་བཙུན་པར་སྐྱེས་པའི་ཡེ་ཤེས་ཀྱི་མིག་གིས་རིག་པ།
85a4 སངས་རྒྱས་ཀྱི་ཡུལ་ཐམས་ཅད་རྒྱས་པར་འགེངས་པོས་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངསུ་གཏོགས་པ་མིང་གིས་ཁྱབ་པ་མང་པོ་དྲག་ན་ཆོས་ཀྱི་དབྱིངས་རྒྱས
85a5 པར་འགོངས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་དང་།ན་མཁའི་ཁམས་ཀྱི་མཐས་གཏུགས་པོ་ཆོས་ཀྱི་དབྱི་སུ་གཏོགས་པའི་འཇིག་རྟེན་གྱི་ཁམས་རྣམསུ་འཇུག
85a6 དེ་བས་གོང་དུའང་མཆོད་པ་ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་པ།དགེ་བའི་རྩ་བ་ཆེན་པོའི་ཤུགས་ཀྱིས་བསྐྱེད་པ།རྡོ་རྗེའི་དབང་པོ་སྣང་བར་བགྱིད་པ།སངས་རྒྱས་ཀྱི
85a7 ཡུལ་ཐམས་ཅད་དུ་སྣང་བའི་མེ་ཏོག་གི་རྒྱལ་པོའི་ཡེ་ཤེས་ལས་བྱུང་བའི་མཆོད་པས་དེ་བཞིན་གཤེགས་པ་དེ་དག་ལ་བསྟི་སྟང་དུ་རིབྱེའོ།།བཙུན་པར་བགྱིའོ།།རི་མོར




iiif viewer powered by OpenSeadragon

84b - 85b

Texts on this page

N269 - 'phags pa phung po gsum pa zhes bya ba theg pa chen po'i mdo