| | e-texts navigator
|
84a1 །རབ་ཏུ་བསྔགས་སོ།།འདུད་དོ།།རབ་ཏུ་འདུད་དོ།།ཕྱག་བགྱེའོ།།གཞོལ་ལོ།།བལྟའོ།།བརྟག་གོ།།དམིགས་པ་དཔག་ཏུ་མ་མཆིས་པ་དང་ལྡན་པའི་མེ་ཏོག
84a2 དང་།སྤོས་དང་།ཕྲེང་བ་དང་།བྱུག་པ་དང་།ཕྱེ་མ་དང་།ཆོས་གོས་དང་།གཽདུགས་དང་།རྒྱལ་མཚན་དང་།བ་དན་དང་།མར་མེ་དང་།བཀོད་པ་དང་།ལྷབ་ལྷུབ་དང་།མཆོད་རྟེན་རྩིག་པ
84a3 དང་།སྐུ་གཟུགས་བགྱི་བ་དང་།རིན་པོ་ཆེ་དང་།རྒྱན་དང་།བཞོན་པ་དང་།འཆགས་དང་།གཙུག་ལག་ཁང་དང་།ཡོ་བྱད་ཐམས་ཅད་བཀོད་པ་རྣམ་པར་དག་པ་རྒྱ་ཆེན་པོ་འདི་དག་གིས
84a4 ཀྱང་དེ་བཞིན་གཤེགས་པ་དེ་དག་ལ་བསྟི་སྟང་དུ་བགྱིའོ།།བཙུན་པར་བགྱིའོ།།རི་མོར་བགྱིའོ།།མཆོད་དོ།།གསོལ་ལོ།།རིམ་གྲོར་བགྱིའོ།།མཆོད་པ་མོས་པའི་སྟོབས་ལས་དུམ
84a5 པར་བྱུང་བ།ཁམསྣ་གསུམ་པ་ལས་ཤིན་ཏུ་འོངས་པ།ཉོན་མོངས་པ་མ་མཆིས་པའི་ཆོས་ལས་བྱུང་བ།མངོན་པར་འདུ་བགྱིད་པ་མ་མཆིས་པའི་ཕྱག་རྒྱས་བཏབ་པ།ཡེ
84a6 ཤེས་སྒྱུ་མ་ལས་ཤིན་ཏུ་ཡོངསུ་གྲུབ་པ།ལུས་སྒྱུ་མ་ལས་ཤིན་ཏུ་རྣམ་པར་ཕྱེ་བ།གནས་ཐམས་ཅད་ལས་ཤིན་ཏུ་སྤངས་པ།འཇིག་རྟེན་སྒྱུ་མ་ལྀས་བྱུང་བ།ངོ་བོ་ཉིད་ཀྱི
84a7 ཆོས་དང་འབྲེལ་པ།ཡང་དག་པོར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའི་མཆོད་པས་དེ་བཞིན་གཤེགས་པ་དེ་དག་ལ་བསྟི་སྟང་དུ་བགྱིའོ།།བཙུན་པར་བགྱིའོ།།།
iiif viewer powered by OpenSeadragon
83b - 84b