e-texts navigator
Collection
Volume
Page
Wylie

7a1 འབའ་ཞིག་གི་ཐུགས་སུ་ཆུད་པའི་ཆོས་བླ་ན་མེད་པའི་བྱང་ཆུབ་ཏུ་གདོན་མི་ཟ་བར་འཚང་རྒྱ་བའི་དོན་དེ་ཁོ་ན་ཉིད་གང་ཡིན་པ་དེང་དག་གིས་ཀྱང་མ་ནོར་བར་ཁོང་དུ་ཆུད
7a2 ཅིང་སྒོམ་ལ།གཞན་དག་ལའང་མ་ནོར་བར་སྟོན་ཅིང་འདྲེན་པར་ཤོག་ཅིག།དུས་འདྲི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་སྟེ།བདག
7a3 ཉིད་ལུས་དབུལ་གྱིས་ཐུགས་རྗེ་ཆེན་པོ་ལྡན་པ་རྣམས་ཀྱིས་སོ་སོ་ནས་རྟག་ཏུ་བཞེས་ཤིག།ཇི་ལྟར་ན་དུས་གསུམ་གྱི་སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་དངོས་པོ་ཐམས་ཅད་དང་བྲལ་བ།
7a4 དངོས་པ་དང་།སེམས་དང་།སྐྱེ་མཆེད་ཀྱིས་མ་ཟིན་པའི་ཆོས་བདག་མེད་པ་དང་མཉམ་པ།ཟློག་མ་ནིས་མ་སྐྱེས་པ།སྟོང་པ་ཉིད་ཀྱི་རང་བཞིན་གྱིས།བྱང་ཆུབ་ཀྱི་སེམས་བསྐྱེད་པོ་ལྟར
7a5 བདག་མིང་འདི་ཞེས་བགྱི་སོས་ཀྱང་།དུས་འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ།།བྱང་ཆུབ་ཀྱི་སེམས་ནི་ནམ་གཞར་ཡང་མི
7a6 སྟོར་ཞིང་དགེ་བའི་བཤེས་གཉེན་དམ་པ་དེ་དང་ནམ་ཡང་མི་འབྲལ་བར་ཤོག་ཅིག།ཇི་ལྟར་དུས་གསུམ་གྱི་སངས་རྒྱས་དེ་དག་བླ་ན་མེད་པའི་བསོད་ནམས་ཀྱི་རྗེ་སུ་ཡི་རང་བ་ལྟར།
7a7 བདག་མིང་འདི་ཞེས་བགྱི་བས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་ཐམས་ཅད་ལ་རྗེ་སུ་ཡི་རང་ངོ་།།ནེམ་འཆི་བར་ངེས་པའི་དུས་དེ་ནི་སངས་རྒྱས་དང་།།




iiif viewer powered by OpenSeadragon

6b - 7b

Texts on this page

N252 - dpang skong phyag brgya pa zhes bya ba