| | e-texts navigator
|
79b1 ཅད་ལ་ཕྱག་འཚལ་ལོ།།འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས།རིག་པ་དང་ཞབསུ་ལྡན་པ།བད
79b2 བར་གཤེགས་པ།འཇིག་རྟེན་མཁྱེན་པ།སྐྱེས་བུ་འདུལ་བའི་ཁ་ལ་སྒྱུར་བ་བླ་ན་མེད་པ།ལྷ་དང་མི་རྣམས་ཀྱི་སྟོན་པ།སངས་རྒྱས་བཅོམ་ལྡན་འདས་སོ།།དེ་བཞིན་གཤེགས་པ་དེ་དག
79b3 ནི་བསོད་ནམས་དག་གི་རྒྱུ་མཐུན་པ།དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ།བཟོད་པས་བརྒྱན་པ།བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི།དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ་མཚན
79b4 རྣམས་ཀྱི་མེ་ཏོག་རྒྱས་པ།སྤྱོད་ཡུལ་རན་པར་མཐུན་པ།མཐོང་ན་མི་མཐུན་པ་མེད་པ།དད་པས་མོས་པ་རྣམས་མངོན་པར་དགའ་བ།ཤེས་རབ་ཟིལ་གྱིས་མི་ནོན་པ།སྟོབས་རྣམས
79b5 ལ་བརྗིད་པ་མེད་པ།སེམས་ཅན་ཐམས་ཅད་ཀྱི་སྟོན་པ།བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ།འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ།མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ།
79b6 བ་རྣམས་ཀྱི་དེང་དཔོན།ཡེ་ཤེས་དཔག་ཏུ་མེད་པ།སྤོབས་པ་བསམ་གྱིས་མི་ཁྱབ་པ།གསུང་རྣམ་པར་དག་པ།དབྱངས་སྙན་པ།སྐུ་བྱེད་ལྟ་བས་ཆོག་མི་ཤེས་པ།སྐུ་མཚུངས་པ་མིང
79b7 པ།འདོད་པ་དག་གིས་མ་གོས་པ།གཟུགས་དག་གིས་ཉེ་བར་མ་གོས་པ།གཟུགས་མེད་པ་དག་དང་མ་འདྲེས་པོ།སྡུག་བསྔལ་ལོས་རྣམ་པར་གྲོལ་བ།ཕུང་པོ་དག་ལས་རབ་ཏུ
iiif viewer powered by OpenSeadragon
79a - 80a