e-texts navigator
Collection
Volume
Page
Wylie

6b1 གིས་ལུས་དང་།ངག་དང་།ཡིད་ཀྱི་སྒོ་ནས་མི་དགེ་བ་བཅུ་དང་།མཚམས་མེད་པ་ལྔ་ལ་སོགས་ཏེ།གསུང་རབ་ཀུན་ལས་འགལ་བའི་སྡིག་པ་མི་དགེ་བའི་ལས་བདག་གིས་ཅི་བགྱིས་པ་དང་།
6b2 གཞན་ལ་བཙལ་བ་དང་།གཞན་བགྱིད་པ་ལ་རྗེ་སུ་ཡི་རང་བ་དེ་དག་རྡུལ་ཙམ་བག་ཙམ་ཡང་མ་ལུས་པར་མཐོ་ལྔ་ཞིང་བཤགས་སོ།།སྐྱེངས་ཞིང་བསལ་ཏོ།།གཞིག་ཅིང་གདོན་ཏོ།།མི་འཆབ
6b3 བོ།།མི་སྦེད་དོ།།མི་བསྙེན་མི་བགྱིད་དོ།།དེ་ནས་དེའི་ཚེ་སྡིག་པ་ཐམས་ཅད་ནི་བྱང་།བསོད་ནམས་ཐམས་ཅད་ནི་རྫོགས་ཏེ།དུས་འདི་ནོས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ།དགོངས
6b4 པཱའི་བདག་གིས་ཆེད་དུ་སྤྲུལ་པ་མ་གཏོགས་པར་ནམ་ནམ་ཞར་ཞར་ཚེ་ཚོ་རབས་རབས་སུ་ངན་སོང་གསུམ་ལ་སོགས་ཏེ།བགེགས་རིགས་པ་ཐམས་ཅད་དུ་མི་སྐྱེ་མི་ལྟུང་བར་ཤོག
6b5 ཅིག།ལོག་པ་མི་དགེ་བའི་ལས་ལ་མི་ཕྱོགས་མི་བགྱིད་པར་ཤོག་ཅིག།ལས་དང་ཉོན་མོངས་པའི་རྒྱལ་མི་ཕྱོགས་མི་བགྱིད་པར་ཤོག་ཅིག།སྨད་པའི་ལུས་དང་སྡུག་བསྔལ་གྱི
6b6 འབྲས་བུ་ཀུན་ལུས་ཐར་ནས་ཕྱིན་ཆད་མི་མྱོང་བར་ཤོག་ཅིག།དུས་འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྒོ་གསུམ་ནས་དགེ་བ་ཆུ་བོའི་རྒྱུན་བཞིན་དུ་རྒྱུན་མི་འཆད
6b7 པར་ཤོག།ཅིག།ཚེ་རབས་གར་སྐྱེས་ཀྱང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་ཏོ།།སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་མཐུ་དང་དབང་ཡོད་པར་ཤོག་ཅིག།གང་དེ་བཞིན་གཤེན་པ




iiif viewer powered by OpenSeadragon

6a - 7a

Texts on this page

N252 - dpang skong phyag brgya pa zhes bya ba