e-texts navigator
Collection
Volume
Page
Wylie

6a1 བ་རབ་འབྱོར་ལ་ཕྱག་འཚལ་ལོ།།འཕགས་པ་དགྲ་བཅོམ་པའི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ།།འཕགས་པ་རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ
6a2 ལོ།།ཕྱོགས་བཅུའི་དགེ་འདུན་བཞུགས་སོ་འཚལ་ཐམས་ཅད་ལ་ཕྱག་འཚལ་ལོ།།དཀོན་མཆོག་གསུམ་ལ་དད་པས་ཕྱག་བཙལ་ནས།སྡིག་པ་ཀུན་བྱང་དགེ་ཚོ་ག་སོ་རྣམ་པར
6a3 འཕོལ།བཅོམ་ལྡན་སོ་སོའི་བཀའ་ལས་ཅི་འབྱུང་བ།ཡོན་ཏན་ཁྱོད་པར་ཅན་དེ་གྲུབ་པར་ཤོག།ཕྱོགས་བཅུའི་དཀོན་མཆོག་གསུམ་ལ་ཕྱག་འཚལོ།།བསྟོད་ཅིང་བསྔགས་སོ།།བལྟ
6a4 ཞིང་བརྟག་གོ།།བྱང་ཆུབ་སེམས་དཔའི་བསོད་ནམས་རབ་འབྱམ་ལས་འབྱུང་བ་མི་མཉམ་པ་དང་མཉམ་པའི་མཆོད་པ་སྣ་ཚོགས་མཆོག།གཙོ་བོ།དམ་པ།ཁྱད་པར་ཅན།བཟང་པ
6a5 གྱ་ནོམ་པ།བླ་ན་མེད་པ།མི་མཉམ་པ་དང་མཉམ་པས་ཕྱོགས་བཅུའི་སྣོད་ཀྱི་འཇིག་རྟེན་བྱུར་བུར་བཀང་སྟེ།ཆོས་ཀྱི་མཆོད་པ་དང་བཅས་པས་མ་ལུས་མི་ལུས་ལུས་པ་མེད་པའི
6a6 དཀོན་མཆོག་གསུམ་ལ་ཕྱི་མའི་མུའི་མཐར་རྟག་ཏུ་རྒྱུན་མི་འཆད་པར་མཆོད་ཅིང་འདོན་ཏོ།།དབུལ་ཞིང་གསོལ་ལོ།།བཀུར་སྟིར་བགྱིའོ།།བླ་མར་བགྱིའོ།།རི་མོར་བགྱིའོ།།མཉེས
6a7 པར་བགྱིའོ།།བདག་ཅག་གི་སྐྱེ་བ་འདི་དང་ཐོག་མ་དང་ཐ་མ་མ་མཆི་ག་ནས་སྲིད་པ་གསུམ་གྱི་འཁོར་བ་ན་འཁོར་ཞིང་འདོད་ཆགས་དང་།ཞེ་སྡང་དང་།གཏི་མུག་གསུམ་གྱི་དབང




iiif viewer powered by OpenSeadragon

5b - 6b

Texts on this page

N252 - dpang skong phyag brgya pa zhes bya ba