e-texts navigator
Collection
Volume
Page
Wylie

5b1 འཚལ་ལོ།།བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཕྱག་འཚལ་ལོ།།བྱང་ཆུབ་སེམས་དཔའ་ན་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ།།བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག
5b2 འཚལ་ལོ།།བྱང་ཆུབ་སེམས་དཔའི་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།།བྱང་ཆུབ་སེམས་དཔའ་འཇམ་དཔལ་ལོ་ཕྱག་འཚ་ལོ།།བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར
5b3 སེལ་བ་ལ་ཕྱག་འཚལ་ལོ།།བྱང་ཆུབོ་སེམས་དཔའོ་སའི་སྙིང་པོ་ལ་ཕྱོག་འཚལ་ལོ།།བྱང་ཆུབ་སེམས་དཔའི་དྲི་མ་མེད་པར་གྲགས་པ་ལ་ཕྱག་འཚལ་ལོ།།བྱང་ཆུབ་སེམས་དཔའ
5b4 མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ།།ཕྱོགས་བཅུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོ།།ཤེས་རབ་ཆེན་པོའི་མཆོག་འཕགས
5b5 པ་ཤཱ་རིའི་བུ་ལ་ཕྱོག་འཚལ་ལོ།།རྫུ་འཕྲུལ་ཆེན་པོའི་མཆོག་འཕགས་པ་མཽདྒལ་གྱི་བུ་ལ་ཕྱག་འཚལ་ལོ།།མང་དུ་ཐོས་པོའི་མཆོག་འཕགས་པ་ཀུན་དགའ་བོ་ལ་ཕྱག་འཚལ་ལོ།།
5b6 སྦྱངས་པའི་ཡོན་ཏན་གྱི་མཆོག་འཕགས་པ་འོད་སྲུང་ལ་ཕྱག་འཚལ་ལོ།།བསླབ་པ་ལ་གུས་པོའི་མཆོག་འཕགས་པ་ནོར་སྦྱིན་འཛིན་ལ་ཕྱག་འཚལ་ལོ།།འདུལ་བ་འཛིན་པའི་མཆོག
5b7 འཕགས་པ་ཉེ་བར་འཁོར་ལ་ཕྱག་འཚལ་ལོ།།རྫུ་འཕྲུལ་གྱི་སྤྱན་མངའ་བའི་མཆོག་འཕགས་པ་མ་འགགས་པ་ལ་ཕྱག་འཚལ་ལོ།།འདྲི་ཞིང་ལན་ལྡོན་པའི་མཆོག་འཕགས




iiif viewer powered by OpenSeadragon

5a - 6a

Texts on this page

N252 - dpang skong phyag brgya pa zhes bya ba