| | e-texts navigator
|
17b1 དེར་སོང་སྟེ་ཕྱིན་པ་དང་།བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བཙལ་ཏེ།བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས།བཅོམ་ལྡན་འདས་དང་སྲོག་ཆགས་སྟོང་།
17b2 ཚང་བ་གང་དང་།བཅོམ་ལྡན་འདས་ཀྱིས་མ་འོངས་པའི་དུས་ན་བླ་ན་མེད་པ་ཡོང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་དག་ལ་ལྷོའི་ཙནྡན་གྱི་ཕྱེ་མ་དང་།ལྷའི་མེ་ཏོག་མནྡ་ར་དྭ་དང་།
17b3 མནྡ་ར་བ་ཆེན་པོ་རྣམས་ཀྱིས་མངོན་པར་གཏོར་ནས་ཐལ་མོ་སྦྱར་ཏེ་ཕྱོགས་ཅིག་ཏུ་འདུག་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ།།བཅོམ་ལྡན་འདས་བདག་གིས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ
17b4 གླདེ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བགྱིད་པ་དང་།འཆང་བར་བགྱིད་པ་དང་།ཀློག་པར་བགྱིད་པ་དང་།ཀུན་ཆུབ་པར་བགྱིད་པ་དེ་དགེ་བསྲུང་བར་བགྱིའོ།།བཅོམ་ལྡན་འདས་རིགས་ཀྱི་བུ་འམ
17b5 རིགས་ཀྱི་བུ་མ་དེ་དག་ཁྱིམ་ན་མཆིས་སྣུམ།དགོན་པ་ན་མཆིས་སམ།ཤིང་དྲུང་ན་མཆིས་སམ།ཁྱིམ་སྟོང་པ་ན་མཆིས་སམ།འབྲོག་དགོན་པ་ན་མཆིས་སམ།ལམ་དང་ལམ་གོལ་བ་ན
17b6 མཆིས་སམ།གཉིད་ལོག་གམ།གཉིད་མ་ལོག་པ་དག་ན་འདུ་དེ་དག་ལ་ཕ་རོལ་གྱི་གནོད་པས་འགུམ་པར་མི་འགྱུར་བར་བདག་གིས་བསྲུང་བར་བགྱིའོ།།དེ་ནས་བཅོམ་ལྡན་འདས་ཀྱིས
17b7 ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཏེ་འཚོ་ཞིང་གཞེས
iiif viewer powered by OpenSeadragon
17a - 18a