| | e-texts navigator
|
14b1 བྱམས་བྱས་ཁྱབ་པར་བྱས་ནས་རྟོགས་པར་བྱས་ཤིང་གནས་ན་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགསུ་བཅང་བ་འདི་བཀའ
14b2 སྩོལ་ཏོ།།ཁྱོད་ཀྱིས་མོ་ཡེངས་ཡིད་བྱེད་ཀྱིསོ།།རྟག་ཏུ་རྒྱལ་བ་སྦྱིན་ཞིང་།།རྟག་ཏུ་བྱམས་པའི་སེམས་བྱོས་དང་།།ཁྱོད་ལ་འཇིགས་པ་འབྱུད་མི་འགྱུར།།གཞོན་ནུ་འོག་གི་ཕྱོགས་ལོགས་སུ
14b3 སངས་རྒྱས་ཀྱི་ཞེང་འདི་ནས་སངྱས་རྒྱུས་ཀྱི་ཞིང་དགུ་ཁྲོ་ཉིས་སྟོང་འདས་པོ་ན་འཇོག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བ་ཞིག་ཡོད་དེ།དེ་ནི་དེ་བཞིན་གཤེགས
14b4 པཱ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་པོ་སེམས་བསྐྱེད་ཐེ་ཚོམ་གཅོད་མཛད་ཉོན་མོངས་བསྐྱོད་ཅེས་བྱ་བ་དེ་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ།།གཞོན་ནུ་ཁྱོད
14b5 ཀྱིས་དེ་བཞིན་གཤེགས་པ་དེ་ལ་བྱ་བ་རྩོམ་པ་ཐམས་ཅད་དང་།འགྲེང་ཡང་རུང་།འདུག་ཀྱང་རུང་།འཆག་ཀྱང་རུང་སྟེ།སྤྱོད་ལམ་ཐམས་ཅད་དུ་ཕྱག་འཚལ་ཅིག།ཡིད་ལ་བྱོས་ཤིག
14b6 དང་།སྙེམས་ཅན་རྣམས་ལ་བྱམ་སྐྱོ་པའི་སེམས་དང་།ཕན་པའི་སེམས་བསྒྲུབས་ཤིག་དང་།གཞོན་ནུ་ཁྱོད་ལ་འཇིགས་པ་འབྱུང་བར་མི་འགྱུར་ཞིང་།དགོས་པ་ཐམས་ཅད་ཀྱང་འབད
14b7 མི་དགོམ་པར་འགྱུར་རོ།།དེནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིག་སུ་བཙིར་བ་འདི་བཀའ་སྩལ་ཏོ།།བྱེ་བཀུན་ལ་ཉིན་མཚན་དུ།།སངས་རྒྱས་དེ་ནི་དྲན་བྱ་ཞིང་།།བྱང་ཆུབ་སེམས་ཀྱི
iiif viewer powered by OpenSeadragon
14a - 15a