| | e-texts navigator
|
14a1 དེའི་སངས་རྒྱས་ཀྱི་ཞིང་ནི་མི་གཙང་བ་མེད་པ།འཁྲིག་པ་མེད་པ།བུད་མེད་མེདོན་ཚེར་མ་དང་།གསོག་མ་དང་།གྱོ་མོ་མེད་པ།སྙིགས་མ་ལཱུ་མེད་པ་ཡིན་ནོ།།གཞོན་ནུ
14a2 ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ནུབ་བྱང་གི་ཕྱོགས་སུ་འགྲོ་ན་ཚངས་པར་སྤྱོད་པ་ཡང་དག་པར་བླངས་ནས་ཕྱིས་ཁྱིམ་ནས་རྣམ་པར་མ་གཡེངས་པའི་ཡིད་ལ་བྱེད་པས་སྲོང་ཞིག
14a3 དང་།གཞོན་ནུ་ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱེ་བ་དེ་འགྲུབ་པར་འགྱུར་ཞིང་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིག་སུ
14a4 བཅད་པ་འདི་བཀའོ་སྩལ་ཏོ།།རྨོངས་སྤྱོད་ཡང་དོག་བླངས་བྱས་ཏེ།།ཕྱི་ནས་ཁྱིམ་ནས་སོང་ཞིག་དང་།།ཁྱོད་ནི་གྲང་དང་གར་འགྲོ་ཡང་།།ཆོམ་རྐུན་རྣམས་ཀྱིས་ཟིལ་མི་ནོན།།གཞོན་ནུ་སྟེང
14a5 གི་ཕོག་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀློང་དྲུག་ཅུའི་བྱེ་བ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་དམིགས་པ་མེད་པ་ཡིད་ལ་བྱེད་པ་ཅན་ཞེས་པ་བ་ཞིག་ཡོད་དེ།
14a6 དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྲག་མེད་མུན་བྲལ་ཏིང་ངེ་འཛིན་མངོན་འཕགས་རྒྱལ་པོ་ཞེས་བྱ་བ་དེ་ལྟར་བཞུགས་ཏེ་འཚོ་ཞིང
14a7 གཞེས་སོ།།གཞོན་ནུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་བཙལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ་འདུག་ཀྱང་རུང་།འགྲེང་ཡང་རུང་།སེམས་ཅན་ཐམས་ཅད་ལ
iiif viewer powered by OpenSeadragon
13b - 14b