| | e-texts navigator
|
13b1 སངས་རྒྱས་ཀྱི་ཞིང་སུམ་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་གསེར་གྱི་དྲ་བུས་གཡོགས་པ་ཞེས་བྱ་བ་ཞིག་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སྤངས
13b2 རྒྱས་རིན་ཆེན་གདུགས་འཕགས་སྣང་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ།།གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ལྷོ་ནུབ་ཀྱི་ཕྱོགསུ་འགྲོ་ན།དེའི་ཚེ་ཁྱོད་ཀྱིས
13b3 དེ་བཞིན་གཤེགས་པ་དེ་ལ་ཕྱག་བཙལ་ཏེ་དྲོན་པར་བྱས་ཤིང་མདུན་དུ་བྱས་ཏེ།སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་རྣམ་པར་མ་གཡོངས་པའི་ཡོད་ལ་བྱེད་པས་སོང་ན་ཁྱོད་ལ་འཇིགས
13b4 པ་གང་ནས་ཀྱང་འབྱུང་བར་མི་འགྱུར་ཞིང་ཁྱོད་བྱ་བ་གོང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་རོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅོད་པ་འདི་བཀའ་སྩལ་ཏོ།།
13b5 རྫོགས་སངས་རྒྱས་ལ་ཕྱག་བཙལཱ་ནས།།མེ་ཏོག་སིལཱ་མསོ་གཏོར་ཅིག་དང་།།ཁྱོད་ནི་ལྷོ་ནུབ་འགྲོ་བ་ན།།འཇིགས་པ་འབྱུང་བར་མི་འགྱུར་རོ།།གཞོན་ནུ་ནུབ་བྱང་གི་ཕྱོགས་ལོགསུ་སྤངས
13b6 རྒྱས་ཀྱི་ཞིང་འོད་ནས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན།འཇིག་རྟེན་གྱི་ཁམས་ཡོངས་དག་རབ་གནས་མངོན་པར་འཕགས་ཞེས་བྱ་བ་ཞིག་ཡོད་དེ།དེ་ན་དེ་བཞིན
13b7 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་འདུལ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞསོ།།གཞོན་ནུ་དེ་བཞིན་གཤེགས་པ་ལ
iiif viewer powered by OpenSeadragon
13a - 14a