e-texts navigator
Collection
Volume
Page
Wylie

13a1 ཁམས་རྟག་ཏུ་སྣང་བ་ཞེས་བྱ་བ་ཞིག་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་དང་པོ་བསྐྱེད་པས་ཕྱིར་མི་ལྡོག
13a2 པའི་འཁོར་ལོ་འབྱུང་བའི་དཔལ་ཞེས་བྱ་བ་དེ་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ།།གཞོན་ནུ་དེ་བཞིན་གཤེགས་པ་དེས་དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྟེ།སངས་རྒྱས་པ
13a3 ཉིད་ཀྱི་བར་དུ་བར་ཆད་མེད་པར་སྦྱིན་པ་བྱིན།ཚུལ་ཁྲིམས་བསྲུངས།བཟོད་པ་ཀུན་ཏུ་བསྟན།བརྩོན་འགྲུས་བརྩམས།བསམ་གཏན་བསྐྱོབས།ཤེས་རབ་སྤྱད་དེ།གཞོན་ནུ་དེ་ནི
13a4 དེ་བཞིན་གཤེགས་པ་དེའི་སྐྱེས་བུའི་རྩོལ་དེ་ལྟ་བུ་བྱུང་བ་ཡིན་ནོ།།གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ཤར་ལྷོའི་ཕྱོགསུ་འགྲོ་ན།དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས
13a5 པ་དེ་ལ་ཡན་ལག་ལྔས་ཕྱག་བཙལ་ཏེ།ཕྱིས་ཁྱིམ་ནས་སོང་ཞིག་དང་།ཁྱོད་ལ་ཕྱིས་འགྱོད་པོའམ་འཇིགས་པ་གོང་ནས་ཀྱང་འབྱུང་བར་མི་འགྱུར་རོ།།རྣམ་པར་མ་གཡེངས་པས
13a6 ཡིད་ལ་བྱེད་ན།ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་རོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ།།ཡན་ལག་ལྔས་ནི་ཕྱག
13a7 བཙལ་ཏོ།།ཕྱི་ནསོ་ཁྱིམ་ནས་སོང་ཞོག་དང་།ཆོམོ་རྐུན་རྣམས་ཀྱིས་ཁྱོད་ཀུན་ཏུ།ཟིལ་གྱིས་མི་ནོན་འགྲོ་བར་འགྱུར།གཞོན་ནུ་ལྷོ་ནུབ་ཀྱི་ཕྱོགས་ལོག་སུ་སངས་རྒྱས་ཀྱི་ཞིང་འདི་ནས




iiif viewer powered by OpenSeadragon

12b - 13b

Texts on this page

N254 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo