| | e-texts navigator
|
12b1 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་དང་ཡིད་གཉིས་ཀུན་འཇོམས་རྣམ་གནོན་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ།།དེ་བཞིན
12b2 གཤེགས་པ་དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་ཙམ་གྱིས་སྟོང་གསུམ་གྱི་སྡོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན།བདུད་ཀྱི་རོས་ཀྱི་ལྷོ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང
12b3 དག་པར་རྫོགསོ་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མཛད་དེ།གཞོན་ནུ་དེ་ནི་དེ་བཞིན་གཤེགས་པ་དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པའི་སྐྱེས་བུའི་རྩལ་དེ་ལྟ་བུ་བྱུང་བ་ཡིན་ནོ།།
12b4 གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་བྱུང་ཤར་མེ་ཕྱོག་སུ་འགྲོ་ན་དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་བཙལ་ཏེ་དྲན་པོར་བྱས་ཤིང་མདུན་དུ་བྱས་ཏེ།སེམས
12b5 ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་རྣམ་པར་མྱོ་གཡོངས་པས་སོང་ན་ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི
12b6 འགྱུར་རོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིག་སུ་བཅད་པའི་དྲོ་བཀོའོ་སྩལ་ཏོ།།གང་གིས་དང་པོའི་ཐུགས་ཀྱིས་ནི།།བདུད་རྣམས་ཕམ་མཛད་སྤངས་རྒྱས་དེ།།དྲན་བཞིན
12b7 དུ་ནི་ཁྱོད་སོང་ན།།ཁྱོད་ལ་འཇིགས་པ་འབྱུང་མི་འགྱུར།།གཞོན་ནུ་ཤེ་བ་རྣོའི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་ཉི་ཁྲི་འདས་པ་ན་འཇིག་རྟེན་གྱི
iiif viewer powered by OpenSeadragon
12a - 13a