| | e-texts navigator
|
12a1 འགག་པར་མི་འགྱུར་ཏེ།།གང་གིས་ཆོས་རྣམས་དེ་ལྟར་ཤེས།།དེ་ལ་འཇིགས་པ་ཅི་ཡང་མེད།།གཞོན་ནུ་བྱང་ཕྱོགས་ལོག་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས།
12a2 ཀྱི་ཞིང་བྱེ་བ་ཕྲག་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་སྤོབས་པ་ཅན་ཞེས་བྱ་བ་ཞིག་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དག་བཅོམ་པ་ཡང་དག་པར་རྫོགས་པའི
12a3 སངས་རྒྱས་རིན་ཆེན་གཟུགས་བཀོད་འོད་གནོན་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞོས་སོ།།གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་བྱང་ཕྱོགསུ་འགྲོ་ན།དེའི་ཚེ་ཁྱོད
12a4 ཀྱིས་དེ་བཞིན་གཤགས་པ་དེ་ལ་ཕྱག་བཙལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ།སེམས་ཀྱི་རྒྱུན་གྱིས་དྲི་མངོན་དུ་བྱེད་ཅིང་རྣམ་པར་མགོ་ཡོངས་པར་ཡིད་ལ་བྱེད་པས་སོང་ན།།
12a5 ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚི་གཽ་སུ་བཅད་པ
12a6 འདི་བཀའ་སྩལ་ཏོ།།རྟག་ཏུ་སེམས་ཅན་ཐམས་ཅང་ལ།།མཉམ་པ་ཉིད་ལ་སེམས་བྱོས་ལ།།སེམས་ཅན་དེ་ལ་མ་བརྙས་དང་།།ཁྱོད་ལ་འཇིགས་པ་འབྱུང་མི་འགྱུར།།གཞོན་ནུ
12a7 བྱང་ཤར་གྱི་ཕྱོགས་ལོག་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་བདུད་ཀྱི་སྡེ་བཅོམ་པ་ཞེས་བྱ་བ་ཞིག་ཡོད་དེ།དེ་ན་དེ
iiif viewer powered by OpenSeadragon
11b - 12b