e-texts navigator
Collection
Volume
Page
Wylie

11a1 པའི་སངས་རྒྱས་རྫས་སྤྱོད་ཅེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞུས་སོ།།གཞོན་ནུ་ཁྱོད་གང་གྲཝ་ཚྭ་བྱ་བ་འགའ་ཞིག་གི་ཕྱིར་ཤར་ཕྱོག་སུ་འགྲོ་ན།དེའི་ཆུ་ཁྱོད་ཀྱི
11a2 དེ་བཞིན་གཤེགས་པ་དེ་ལ་ཕྱག་བཙལ་ཏོ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ།སེམས་ཀྱི་རྒྱན་གྱིས་དེ་མངོན་དུ་བྱེད་ཅིང་མཽང་ན་ཁྱོད་ལ་འཇིགས་པ་འབྱུང་བར་མི་འགྱུར་རོ།།དེའི་ཚེ
11a3 མགུ་ཡེངས་པར་དེ་ཡིད་ལ་བྱོས་ན་ཁྱོད་ལ་བྱ་བ་གང་གི་ཕྱིར་འགྲོ་བའི་བྱེ་བ་དེ་འགྲུབ་པར་འགྱུར་རོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིག་སུ་བཅུད་པ་འདི་བཀའི་སྩལ་ཏོ།།རྟོགས
11a4 པའི་སངས་རྒྱས་ཐུབ་པ་ཚོ།།རྗེ་ལ་རབ་ཏུ་ཕྱོག་བཙལོ་ཏེ།།རྟག་ཏུ་དོན་མངོན་བྱེད་ཅིང་།།འགྲོན་ཁྱོད་ལ་འཇིགས་མི་འབྱུང་།།གཞོན་ནུ་ལྷོ་ཕྱོགས་ལོགསུ་སངས་རྒྱས་ཀྱི་ཞིང་འདི
11a5 ནས་སངས་རྒྱས་ཀྱི་ཞིང་དགུ་ཁྲི་འདས་པ་ནི།འཇིག་རྟེན་གྱི་ཁམས་མུན་པ་དང་མུན་ནག་གི་ཚོགས་བཙམ་ཞེས་བྱ་བ་ཞིག་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
11a6 པར་རྟོགས་པོའི་སངས་རྒྱས་སེམས་དང་པོ་བསྐྱེད་པ་ཡིད་ལ་མཛད་པ་རྣམ་གྲངས་བསྙེངས་པ་དང་བག་ཆེ་བ་དང་བྲལ་བས་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས
11a7 ཏེའཚོ་ཞིང་གཞེས་སོ།།གཞོན་ནུ་ཁྱོད་གང་གི་ཚེ་བྱེ་བ་འགའ་ཞིག་གི་ཕྱིར་ལྷོ་ཕྱོག་སུ་འགྲོ་ན།དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན




iiif viewer powered by OpenSeadragon

10b - 11b

Texts on this page

N254 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo