e-texts navigator
Collection
Volume
Page
Wylie

114b1 གནོད་པ་ཆུང་བ་དང་།མདོག་པ་ར་བ་དང་།གཟུགས་པཟང་བ་དང་།གཟི་པ་དང་།དབྱུང་རྡོབ་དང་།རིགས་མཐོ་བྱ་ད།ལོངས་སྤྱོད་ཆེབ་དང་།ཤེས་རབ་རྒྱ་བ་དང་།རྫས་དང་།སྔགས་དང་།ན
114b2 རྙེད་པ་དང་།དགེ་བའི་བཤེས་གཉེན་དང་ཕྲད་པ་དང་དམ་པའི་ཆོས་ཉན་པ་དང་།ཚུལ་བཞིན་ཡིད་ལ་བྱེད་པ་དང་།ཆོས་དང་མཐུན་པོའི་ཆོས་སྒྲུབ་པ་དང་།འདོད་ཆགས་དང་།ཞེ་སྡང་དང་།གཏི
114b3 མུག་ཉོན་མོངས་པ་དང་།ཉེ་བའི་ཉོན་མོངས་པ་སྤོང་བ་དང་།སེམས་ཅན་དམྱལ་བ་དང་།དུད་འགྲོའི་སྐྱེ་གནས་དང་།གཤིན་རྗེའི་འཇིག་རྟེན་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ལས་ཡང་དག་སྔ
114b4 འདའ་བ་དང་།བསམ་གཏན་དང་།རྣམ་པར་ཐར་པ་དང་།ཏིང་ངེ་འཛིན་དང་།སྙོམས་པར་འཇུག་པ་ཐམས་ཅད་ཐོབ་པ་དང་།ལུས་ལས་བྱུང་བ་དང་།སེམས་ལས་བྱུང་བཱིའི་ཡིད་མི་བདེ་བ་ལས
114b5 ཡང་དག་པར་འདའ་བ་དང་།བདེ་བ་དང་།ཡིད་བདེ་བ་ཐམས་ཅད་འཐོབ་པ་དང་།ཉན་ཐོས་ཀྱི་ཡོན་ཏན་གྱི་མཆོག་ཉིད་དང་།རང་སངས་རྒྱས་ཀྱི་ཡོན་ཏན་གྱི་མཆོག་ཉིད་དང་།དེ་བཞིན་གཤེགས
114b6 པའི་སྟོབས་བཅུ་དང་།མྱི་འཇིགས་བྱ་བཞི་དང་།སོ་སོ་ཡང་དག་པར་རིག་པ་བཞི་དང་།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་།བྱམས་པ་ཆེན་པོ་དང་།སྙིང་རྗེ་ཆེན་པོ་དང་།དགའ
114b7 བཆེན་པོ་དང་།བཏིང་སྙོམས་ཆེན་པོ་དང་།བག་ཆགས་འཇོམས་པ་དང་།བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་།ཐམས་ཅད་མཁྱེན་པོ་ཉིད་དང་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང།




iiif viewer powered by OpenSeadragon

114a - 115a

Texts on this page

N270 - 'phags pa bsam pa thams cad yongs su rdzogs par byed pa zhes bya ba'i yongs su bsngo ba