e-texts navigator
Collection
Volume
Page
Wylie

112b1 ཞིང་དགེ་བའི་ཕྱོགས་ལ་སེམས་ཡང་དག་པར་མྱི་གནས་པ་འམ།སྒྲིབ་པ་གཞན་གྱིས་བསྒྲིབས་ནས་བློག་ཡེང་བར་འགྱུར་བ་འམ།སེམས་གཡེང་བར་འགྱུར་བའི་ནོངས་པ་གང་ལགས་པ་དེ
112b2 དག་ཐམས་ཅད་ནོངས་པ་བཤུགས་པར་བགྱིའོ།།ཇི་ལྟར་བྱིས་པ།ཇི་ལྟར་བླུན་པ།ཇི་ལྟར་མི་གསལ་བ།ཇི་ལྟར་མི་མཁས་པ།ཇི་ལྟར་འཚལ་བའི་ཤེས་རབ་ཀྱི་རང་བཞིན་ཅན་དེ་ལྟར་ནོངས་པ
112b3 ནོངས་པར་བཤགས་པར་བགྱིའོ།།ནོངས་པ་ནོངས་པར་བཤགས་ནས་ཕྱིས་སྡོམ་པ་བླངས་ཤིང་ཡང་དེ་ལྟར་མི་བགྱི་སྟེ།དེ་ལྟར་ལྡན་གཉིས་དེ་ལྟར་ལན་གསུམ་དུའོ།།ཡང་སངས་རྒྱས
112b4 བཅོམ་ལྡན་འདས་དེ་དག་བདག་ལ་དགོངསུ་གསོལ།གང་སངས་རྒྱས་ཐམས་ཅད་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངསུ་རྫོགས་པར་མཛོད་པ
112b5 འདི་ལྟ་སྟེ།སྦྱིན་པ་དང་།ཚུལ་ཁྲིམས་དང་།བཟོད་པ་དང་།བརྩོན་འགྲུས་དང་།བསམ་གཽཏན་དང་།ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར
112b6 སངས་རྒྱས་ནིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།ཆོས་ཀྱི་དུང་ཀུན་ནས་བྲུས།ཆོས་ཀྱི་རྔ་རབ་ཏུ་བརྡུངས།ཆོས་ཀྱི་སྒྲོན་མ་འབར་བར་མཛད།ཆོས་དང་མཐུན་པར་ཆོས་སྒྲུབ་པ་དག་ལ
112b7 སེམས་ཅན་གྱི་ཁམས་རབ་ཏུ་བཙུད།དམ་པའི་ཆོས་ཀྱི་ཚུལ་རབ་ཏུ་བསྟན་ཅིང་དགེ་བའི་རྩ་བ་གང་གིས་རང་སངས་རྒྱས་རྣམས་རང་སངས་རྒྱས་ཉིད་རྟོགས་པར་འགྱུར་བ་དང་།དགེ་བའི




iiif viewer powered by OpenSeadragon

112a - 113a

Texts on this page

N270 - 'phags pa bsam pa thams cad yongs su rdzogs par byed pa zhes bya ba'i yongs su bsngo ba