| | e-texts navigator
|
112a1 པ་འམ།མ་བསམས་པ་འམ།དྲན་པ་འམ།མི་དྲན་པ་འམ།འདོད་ཆགས་ཀྱི་དབང་ངམ།ཞེ་སྡང་གི་དབང་ངམ།གཏི་མུག་གི་དབང་ངམ།དགེ་བའི་བྱཤེས
112a2 གཉེན་མ་ལགས་པ་དང་འབྲེལ་པའི་དབང་ངམ།མཱི་ཤེས་པའི་དབང་ངམ།ཡུལ་གྱི་དབང་ངམ།དུས་སུ་སྐྱེ་བའི་དབང་དུམ།ཡང་དག་པའི་ཚུལ་ཁྲིམས་འཆལ་པ་འམ།སྦྱོར་བས
112a3 ཚུལ་ཁྲིམས་འཆལ་པ་འམ།དངོས་པོས་ཚུལ་ཁྲིམས་འཆལ་བ་འམ།ལུས་ཀྱི་རྣམ་གསུམ་དང་།ངག་གི་རྣམ་བཞི་དང་།ཡིད་ཀྱི་རྣམ་གསུམ་གྱིས་སངས་རྒྱས་དང་།ཆོས་དང་།
112a4 དགེ་འདུན་དང་།ཕ་མ་དང་།མཁན་པོ་དང་།སློབ་དཔོན་ནམ།བླ་མ་གཞན་དག་ལ་ཉེས་པ་བགྱིས་པ་འམ།སེམས་ཅན་གྱི་ཁམས་ལྟ་བ་ལོག་པ་ལ་བཙུད་པ་འམ།སེམས་ཅན་ཡང
112a5 དག་པ་སྒྲུབ་པ་ལ་གནས་པ་རྣམས་ཀྱི་བར་ཆད་བགྱིས་པ་འམ།དགེ་བའི་རྩ་བ་རྣམས་ལོག་པར་སྔོ་བས་ཡོངསུ་བསྔོས་པའམ།དེ་བཞིན་གཤེགས་པ་ལ་ཡང་དག་པ་མ་ཡིན་པ
112a6 སྨྲས་པ་འམ།ཆོས་མ་ཡིན་པ་ཆོས་སུ་བསྟན་པ་འམ།ཆོས་ཆོས་མ་ཡིན་པར་བསྟན་པ་འམ།འདུལ་བ་མ་ཡིན་པ་འདུལ་བར་བསྟན་པ་འམ།འདུལ་བ་འདུལ་བྱ་མ་ཡིན་པར
112a7 བསྟན་པ་འམ།ལམ་མ་ཡིན་པ་ལམ་དུ་བསྟན་པ་འམ།ལམ་ལམ་མ་ཡིན་པར་བསྟན་པ་འམ།སྒྲིབ་པ་གང་གིས་བསྒྲིབས་ནས་བདག་མི་དགེ་བོའི་ཆོས་མངོན་དུ་འགྱུར
iiif viewer powered by OpenSeadragon
111b - 112b