| | e-texts navigator
|
111b1 མེད་པའོ།།འཇམ་དཔལ་གཞོན་ནུར་གྱུར་པས་ཕུང་པོ་གསུམ་པའི་བསྔོ་བ་འདྲི་བཤད་པ་ན།བྱང་ཆུབ་སེམས་དཔའ་ལྔ་བརྒྱུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།།བྱང་ཆུབ་སེམས།
111b2 དཔའ་ཆོས་ཐམས་ཅད་ལ་དམ་འཆའ་བར་གནས་པའང་མགུའོ།།ལྷ་དང་།མི་དང་།ལྷ་མ་ཡོན་དུ་བཅས་པའི་འཇིག་རྟེན་ཡོད་འཇམ་དཔལ་གཞོན་ནུར་གྱུར་པས་བཤད་པ་ལ་མངོན་པར
111b3 བསྟོད་དོ།།འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།།སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།།
111b4 འཕགས་པ་བྱསམ་པ་ཐམས་ཅད་ཡོངསུ་རྫོགས་པར་བྱེད་པ་ཞེས་བྱ་བའི་ཡོངསུ་བསྔོ་བ།སངས་རྒྱས་ཐམས་ཅད་ཀྱི་ཞབས་དང་།ཆོས་དང་།དགེ་སློང་གི་དགེ་འདུན་ལ་མགོ་བོས་ཕྱུག
111b5 འཚལ་ལོ།།ཕྱོགས་བཅུ་བརྗོད་ཀྱིས་མི་ལྡང་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་།ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ
111b6 ཆེན་པོ་རྣམས་བདྲག་ལ་དགོངསུ་གསོལ།གང་བདག་གིས་སྐྱེ་བ་འདི་དང་།སྐྱེ་བ་གཞན་དུ་ཁྱིམ་པོ་འམ།རབ་ཏུ་བྱུང་བ་ཇི་ཙམ་དུ་འཁོར་བའི་སྔོན་གྱི་མཐའ་མ་འཚལ་བ་ནས།སྡིག་པ་མི
111b7 དགེ་བའི་ལས་བགྱིས་ཤིང་བསགས་པ།ལུས་དང་།ངག་དང་།ཡིད་ཀྱིས་བགྱིས་པ་དང་།བགྱིད་སུ་སྩལ་པ་དང་།བགྱིད་པ་ལ་རྗེ་སུ་ཡི་རང་བ་ཤེས་པ་འམ།མི་ཤེས་པ་འམ།བསམས
iiif viewer powered by OpenSeadragon
111a - 112a