| | e-texts navigator
|
111a1 པའི་རྩུ་བ་ལ་མི་འཇུག་མོད་ཀྱི།འོན་ཀྱང་བྱང་ཆུབ་ཀྱི་རྐྱེན་གྱིས་དགེ་བའི་རྩུ་བ་ལ་དམིགས་པའི་སེམས་བསྐྱེད་པ་རྣམས་ཀྱིས་སྐྱེའོ།།དེའང་མི་གནས་པ་སྟེ།རྒྱུ
111a2 ནས་ཞིག་ཅིང་མེད་དོ།།དེ་ལ་སེམས་གང་གིས་དགེ་བའི་རྩ་བ་མངོན་པོར་འདུས་བྱས་པ་དང་།སེམས་གང་གིས་བྱང་ཆུབ་ཏུ་ཡོང་སུ་བསྔོས་པའི་སེམས་བསྐྱེད་པ་དེ་དག་ཕན་ཚུན་དུ་འབྲེལ་པར་མི་བྱེད་དོ།།
111a3 འདི་ལྟ་སྟེ་དཔེར་ན།མེ་ནི་གང་ནས་ཀྱང་མ་འོངས་ཏེ།བྱུང་ནས་ཀྱང་ཞིག་ཅིང་མེད་དོ།།དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་མེའང་གང་ནས་ཀྱང་མ་འོངས་མོད་ཀྱི་འོན་ཀྱང་དགེ་བའི
111a4 རྩ་བ་ལ་བརྟེན་ནས་འབར་ཏེ་བྱུང་ནས་ཞིག་ཅིང་མེད་དོ།།ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པ་ཆོས་རྣམ་པར་འབྱེད་པ་དེ་ལྟ་བུ་དག་ལ་བློ་རྣམ་པར་མི་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཡོངསུ
111a5 བསྔོ་བའོ།།སྐྱོན་མེད་པར་འཇུག་པ་དང་།ལུང་བསྟན་པ་དང་།བཟོད་པ་སྣང་བའི་ཡེ་ཤེས་ཐོབ་པ་རྣམ་པར་འབྱེད་པ་རྣམས་ཀྱི་བློ་རྣམ་པར་མི་དཔྱོད་པ་གང་ཡིན་པ་དེས་སངས་རྒྱས་བཅོམ་ལྡན
111a6 འདས་མངོན་སུམ་དུ་བྱས་ཏེ་ཡོངསུ་བསྔོ་བར་བྱའོ།།ཇི་ལྟར་དེ་བཞིན་གཤེགས་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པའི་ཐབས་མཁས་པའི་ཡེ་ཤེས་ཀྱིས་བྱང་ཆུབ
111a7 སེདེའི་རྣམས་ཀྱི་ཡོངསུ་བསྔོ་བ་བཤད་པ་དེ་བཞིན་དུ་ཐབས་མཁས་པའི་ཡེ་ཤེས་དེས་ཡོངསུ་བསྔོའོ།།རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྔོ་བ་ཁ་ན་མཐོ་བ
iiif viewer powered by OpenSeadragon
110b - 111b