e-texts navigator
Collection
Volume
Page
Wylie

10b1 མྱ་གཉིས་གཉིད་ལོག་པ་དང་མ་ལོག་བདག་ལ་མི་མ་ལགས་པ་རྣམ་པར་འཚོ་བར་བགྱིད་ལ།བཅོམ་ལྡན་འདས་བདག་ཀྱང་གང་གི་ཚེ་ལྗོངས་ཀྱི་ཕྱོགས་གཞན་དུ་མཆི་བའི་ཚེ།བདག་ལ་འང
10b2 ཆོམ་རྐུན་པ་དྲུག་རྣམ་པར་འཚེ་བར་བགྱིད་ཅིང་།གཅན་ཟན་དག་ཀྱང་རྣམ་པར་འཚེ་བར་བགྱིད་ན།དེའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པོ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི
10b3 སངས་རྒྱས་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅི་ནས་ཀྱང་བདག་ལ་མི་འམ།མི་མ་ལགས་པ་དང་།དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་འགའ་ཡང་རྣམ་པར་འཚེ་བར་མི་བགྱིད་པ་དེ
10b4 ལྟར་བདག་ལ་ལེགས་པར་བསྲུང་བ་མཛད་དུ་གསོལ།བསྲུང་བའི་ཆོ་ག་འང་བཤད་དུ་གསོལ།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་ཤཱཀྱ་གཞོན་ནུ་བཞིན་རབ་གསལ་ལ་འདི
10b5 སྐད་ཅེས་བཀའ་སྩལ་ཏོ།།གཞོན་ནུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དངངས་ཁྱོད་ལ་བཤད་དོ།།བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས།ཤཱུ
10b6 གཞོན་ནུ་བཞིན་རབ་གསལ་བཅོམ་ལྡན་འདས་ལ་ཉན་པ་དང་།བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།གཞིན་དུ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས
10b7 སས་རྒྱས་ཀྱི་ཞིང་བརྒྱད་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་ཉོན་མོངས་པ་ཐམས་ཅད་བསྐྱོད་པ་ཞེས་བྱ་བ་ཞིག་ཡོད་དོ།།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས




iiif viewer powered by OpenSeadragon

10a - 11a

Texts on this page

N254 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo