| | e-texts navigator
|
10a1 །།གནས་ཤིང་ནྱ་ཀློ་དྷཱའི་ཀུན་དགའ་རབ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་།བྱམས་པ་དང་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས
10a2 དཔའི་འཁོར་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།།དེ་ནས་བཅོམ་ལྡན་འདས་སྡེ་དྲོའི་དུས་ཀྱི་ཆེ།ཤམ་ཐབས་གསོལ་ནས།ལྷུང་བཟེད་དང་།ཆོས་གོས་མནབུས་ཏེ།དགེ་སློང་གི
10a3 དགེ་འདུན་གྱིས་ཡོངསུ་བསྐོར་ཅིང་།དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་སེར་སྐྱ་བའི་གན་གྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་སོ།།དེའི་ཚེ་ན་ཤཱཀྱ་གཞོན་ནུ
10a4 བཞིན་རབ་གསལ་ཞེས་བྱ་བ་ཞིག་བྱ་བ་འགའ་ཞིག་གི་ཕྱིར་ཤིང་རྟ་ལ་ཞོན་ནས་སེར་སྐྱའི་གནས་གྲོང་ཁྱེར་ཆེན་པོ་ནས་ཕྱིར་བྱུང་བ་དང་།ཤཱཀྱ་གཞོན་ནུ་བཞིན་རབ་གསལ་གྱིས།བཅོམ
10a5 ལྡན་འདས་ཐག་རིང་བ་ཁོ་ན་ནས་གཤེགས་པ་མཐོང་ངོ་།།མཐོང་ནས་ཀྱང་ཤིང་རྟ་དེ་ལས་བབས་ནས།བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ག་ལ
10a6 བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་དེ།བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བཙལ་ནས།བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ།ཐུལ་མོ་སྦྱར་ནས
10a7 བཅོམ་ལྡན་འདས་ཀྱི་སྐྱོན་སྔར་འདུག་གོ།།དེ་ནས་བཅོམ་ལྡན་འདས་ལ་ཤཱཀྱ་གཞོན་ནུ་བཞིན་རབ་གསལ་གྱིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འོདས་འདི་ནི་བདག་གི་ཕ
iiif viewer powered by OpenSeadragon
9b - 10b