e-texts navigator
Collection
Volume
Page
Wylie

99a1 རྒྱུས་འབྱུང་བར་བལྟའོ།།དེ་ནི་ཆོས་ཀྱི་འཁོར་ལོ་སྐོར་བར་བལྟརའོ།།བཅོམ་ལྡན་འདས་ཀྱིས་བཀའ་སྤྲུལ་པ།དེ་དེ་བཞིན་ནོ་ལྷའི་བུ་དེ་དེ་བཞིན་ཏེ་སྒྲད་སྨྲམ་བནན།ཁ།
99a2 ནནའཇམ་དཔལ་གཞོ་ནུར་གྱུར་པ་གནས་པ་དེ་ནི་སྟོང་པ་མ་ཡིན་པར་མངོན་ནོ།།གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་བ་དེ་ནི་དེ་བཞིན་གཤེགས་པ་ཆོས་ཀྱི་བདག་པོ་ཉིད
99a3 བརྩོན་པར་མཛད་དོ།།གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཉན་པར་བྱེད།མོས་པར་བྱེད་པའི་སེམས་ཅན་དེ་དག་ནི་ངའི་ཡིན་པར་འགྱུར་རོ།།གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ
99a4 དང་།མོས་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པས་འདུལ་བར་བལྟའོ།།གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་།དེ་བཞིན་ཉི་དུ་ནན་ཏན་བྱེད་པ་དེ་དག་ནི་བླ་ན་མེད
99a5 པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ།།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་དང་།གནས་བརྟན་འོད་སྲུངས་ཆེན་པོ་དང་ཚེ་དང
99a6 ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།སྐྱེས་བུ་དམ་པ་དག་ཇི་ཙམ་དུ་ཆོས་ཀྱི་རྣམ་གྲངས་འདི་བླང་བ་དང་།གཟུང་བ་དང་བཤད་པ་དང་ཀུན་ཆུབ་པར་བྱེད་པའི་ཕྱིར་ཁྱེད་ལ་གཏ།།
99a7 ང་ནི་རིང་པོར་མི་ཐོགས་པར་ཡོང་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས།དེའི་ཕྱིར་ཁྱེད་ཀྱིས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱ་བའི་ཆོས་ཀྱི་རྣམ་གྲངས་འདིས་གནས་པར




iiif viewer powered by OpenSeadragon

98b - 99b

Texts on this page

N237 - 'phags pa bzhi pa sgrub pa zhes bya ba theg pa chen po'i mdo