e-texts navigator
Collection
Volume
Page
Wylie

98b1 བྱེད་པའི་ཆོས་ནི་སུམ་ཅུ་རྩ་ལྔ་པོ་དེ་དག་གོ།ལྷའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ཡོང་སུ་སྨིན་པར་བྱས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བསྐྱོད་དུ་མེད་པ་ཡིན་ཏེ།དེ་ནི
98b2 ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཐུལ་བར་མི་ནུས་སོ།།དེ་ནི་ཕྱིན་ཆད་ཀྱང་བྱང་ཆུབ་སེམས་དཔའི་དྲེགས་པ་བཅུས་དོགས་པར་མི་འགྱུར་རོ།།བཅུ་གང་ཞེ་ན་ཚུལ་ཁྲིམས་ཀྱིས་དྲེགས་པ་དང་།ཐས
98b3 པས་དྲེགས་པ་དང་།སྤོབས་པས་དྲེགས་པ་དང་།རྙེད་པ་དང་བཀུར་སྟི་དང་ཚིགསུ་བཅད་པས་དྲེགས་པ་དང་།དགོན་པར་གནས་པུས་དྲེགས་པ་དང་།སྦྱངས་པའི་ཡོན་ཏན་དང་།ཡོ་བྱད་བསྙུངས་པས
98b4 དྲེགས་པ་དང་གཟུགས་དང་།ལོངས་སྤྱོད་དང་དབང་ཕྱུག་དང་།གཡོག་འཁོར་གྱིས་དྲེགས་པ་དང་།བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་བསྙེན་བཀུར་བྱེད་པས་དྲེགསྔོ་པ་དང་བསམ
98b5 གྷཏན་དང་།མངོན་པར་ཤེས་པས་དྲེགས་པ་དང་།སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དང་བའི་ལྷོ་དང་།ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ན་མཁའ་ལྡིང་དང་མི་འམ་ཅི་དང
98b6 ལྟོ་འཕྱེ་ཆེན་པོ་དག་འདོད་པ་དང་བསྟོད་པ་དང་བསྔགས་པར་བྱེད་པ་དེས་ཀྱང་སྙེམས་པ་མེད་པ་ཡིན་ཏེ།ལྷའི་བུ་བྱང་ཆུབ་སེམོས་དཔའི་དྲེགས་པ་བཅུ་པོ་དེ་དག་གིས་མི་སྙེམས་རབ་ཏུ་མི་སྙེམས་དེ་ནི
98b7 འི་དང་གཞོ་ནུར་གྱུར་པ་ལ་ལྷའི་བུ་དཔལ་བཟངས་ལྡན་གྱིས་འདི་སྐད་ཅེས་སྨྲས་སོ།།འཇམ་དཔལ་ཁྱོད་ཕྱོགསོ་གང་ན་གནས་པ་དང་།ཆོས་ཀྱི་རྣམ་གྲངས་འདི་གང་ན་སྤྱོད་པ་དེར་ནི་སངས




iiif viewer powered by OpenSeadragon

98a - 99a

Texts on this page

N237 - 'phags pa bzhi pa sgrub pa zhes bya ba theg pa chen po'i mdo