e-texts navigator
Collection
Volume
Page
Wylie

98a1 དམན་པ་ལ་སྐུལ་བ་དང་།བདོན་པ་ལ་སྐུལ་བ་དང་།དེ་བྱ་བ་ལ་སྲུལ་བ་དང་།ཆོས་སྲུང་བར་སྐུལ་བ་དང་།ཐོས་པ་བསྟན་པར་སྐུལ་བ་དང་།སེམས་ཅན་སྣ་ཚོགསུ་མི
98a2 དབྱེ་བར་སྐུལ་བ་དང་།ཚུལ་ཁྲིམས་འཆལ་པ་དང་།ཚུལ་ཁྲིམས་དང་ལྡན་པོ་ལ་སྦྱིན་པའི་གནསུ་མཚུངས་པར་སྐུལ་བ་དང་།བདུད་ཀྱིས་ལས་བསྟན་པར་སྐུལ་བ་དང་།དེ་བཅས་པ
98a3 ཉམས་འོག་ཏུ་ཆུད་པར་སྐུལ་བ་དང་།འཁོར་བས་ཡོངསུ་མི་སྐྱོ་བར་སྐུལ་བ་དང་།བདུ་དོ་གདུལ་བར་སྐུལ་བ་དང་།བྱས་པ་ཤེས་པ་དང་།བྱས་པ་གཟོ་བར་སྐུལ་བ་དང་།རྒྱུ་ཟད་པ་ལ་འཇུག
98a4 པར་སྐུལ་བ་དང་།རྣམ་པར་ཐར་པའི་སྒོ་ལ་མི་འཇིགས་པར་སྐུལ་བ་དང་།དེ་བཞིན་གཤེགས་པ་ལ་མཆོད་པ་དང་།རིམ་གྲོ་བྱ་བར་སྐུལ་བ་དང་སེམས་ཅན་ཐམས་ཅད་ལ་ཅི་བྱ་སྙམ
98a5 བ་ལ་སྤྲོ་བར་སྐུལ་བ་དང་།འཇིག་རྟེན་གྱི་ཆོས་དང་མ་འདྲེས་པར་སྐུལ་བ་དང་།དགོན་པ་ལ་དགའ་བར་སྐུལ་བ་དང་།འདོད་པ་ཆུང་ཞིང་ཆོ་ག་ཤེས་པར་སྐུལ་བ་དང་།འདས་པ་དང་མཾ
98a6 འོངས་པ་མ་གྲོལ་བ་དགྲོལ་བ་དང་།དབུགས་མ་ཕྱིན་པ་དབུགས་དེ་བྱུང་བ་དང་།ཡོངསུ་མྱ་ངན་ལས་མ་འདས་པ་ཡོངསུ་མྱ་ངན་ལས་བཟླ་བར་སྐུལ་བ་དང་།དཀོན་མཆོག་གསུམ་གྱི
98a7 གདུང་མི་འཆད་པར་སྐུལ་བ་དང་།སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངསུ་དག་པར་བླང་བར་སྐུལ་བ་སྟེ།ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཡོངསུ་སྨིན་པར




iiif viewer powered by OpenSeadragon

97b - 98b

Texts on this page

N237 - 'phags pa bzhi pa sgrub pa zhes bya ba theg pa chen po'i mdo