| | e-texts navigator
|
96b1 ཡིན་ཏེ།།ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མིང་སྣ་ཚོགས་ཀྱི་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར
96b2 འཚང་རྒྱ་བར་འགྱུར་རོ།།ལྷའི་བུས་གསོལ་པ།པི་ཙམ་ལྡན་འདས་བློདག་གིས་བྱང་ཆུབ་སེམས་དཔའ་འདི་དག་གི་གྲངས་རྟོགས་པར་རྔོ་མི་ཐོག་ན་ཇི་སྙེད་ཅིག་མཆིས།དེ་ནས་བཅོམ
96b3 ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ།ཤཱ་རིའི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་འདི་དག་པི་གྲངས་རྟོགས་པར་ནུས་སམ།གསོལ་པ།བཅོམ་ལྡན་འདས
96b4 བདག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གང་སྐར་མའི་གཟུགས་དེ་དག་ཐམས་ཅད་ནི་སྐད་ཅིག།ཐང་ཅིག་ཡུད་ཙམ་ཅིག་གིས་བགྲང་བར་སྤྲོའི།བཅོམ་ལྡན་འདས་པ་དང་།
96b5 གིས་བྱང་ཆུབ་སེམས་དཔའི་འདི་དག་ནི་ལོ་བརྒྱར་ཡང་བགྲང་བར་སྤྲོ་བ་མ་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཤཱ་རིའི་བུ་གལ་ཏེ་ཛཾམྦུའི་གླིང་འདི་རྡུལ་ཕྲ་རབ་ཀྱི་རྡུལ
96b6 གྱིས་གོང་བར་གྱུར་ཀྱང་རྡུལ་ཕྲ་རབ་དེ་དག་བགྲོང་བའི་ཚུལ་གྱིས་མཐའ་རྟོགས་པར་ནུས་ཀྱི།།བྱང་ཆུབ་སེམས་དཔའ་འདི་དག་ནི་བགྲང་བའི་ཚུལ་གྱིས་མཐའི་རྟོགས་པར་མི་ནུས་ཏེ།བྱང
96b7 ཆུབ་སེམས་དཔའ་འདུས་པ་འདི་དག་ནི་དེ་ཙམ་དུ་ཚད་མདོ།།གསོལ་པ།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་དག་གང་དུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བོའི
iiif viewer powered by OpenSeadragon
96a - 97a