e-texts navigator
Collection
Volume
Page
Wylie

95b1 མངན།ཡོན་ཏན་ཁྲག་ཁྲིག་ཡོན་ཏན་གཞལ་ཡས་གཟི་བརྗིད་ཅན།།མགྲོན་པོ་ཅི་ཡི་སླད་དུ་འཛུམ་པ་སྟོན་པ་མཛད།།སྒྲ་སྙན་འབྱིན་པར་མཛད་ཅིང་རབ་ཏུ་གསུང་འབྲེལ་བ།།ཚཛྲ།།
95b2 པའི་དབྱངསུ་གསུང་ཞིང་འཇམ་པའི་ཚིག་གསུང་བ།།ནོར་བདུན་འོད་ཟེར་རྒྱ་ཆེན་བདེ་གཤེགས་བློ་གྲོས་ལྡན།།ཀལ་པིངྒའི་གསུང་ཅན་ཙོ་སླད་འཛུམ་པ་གསུངས།།མི་མཆོག་སྐྱེས་བུ
95b3 དམ་པོ་ངན་པའི་ཚོགས་ཅན་འདུལ།།བདུད་ཀྱི་སྟོབས་ནི་རྟག་པར་མཐའ་མར་འབྱིན་པར་མཛད།།ལྷ་དང་ལྷ་མིན་ན་མཁའ་ལྡིང་གྲིས་རྟག་མཆོད་པ།།སྟོབས་བཅུ་ལྡན་པས་ཅི་སློད་འཛུམ
95b4 བ་བསྟན།།དྲི་མེད་དྲི་བྲལ་དྲི་མ་གསུམ་སྤངས་པ།།ཟླ་བ་ཉེ་བའི་དཀྱིལ་འཁོར་ལྟོ་བུར་ཞལ་རྒྱས་པ།།མུན་པ་རབ་རིབ་སྒྲིབ་པའི་རྡུལ་གྱི་ཉེས་གཅོད་པ།།བདེ་དང་བདེ་ལྡན་སྦྱིན་པར
95b5 མཛད་པ་འཛུམ་དོན་གསུངས།།བདེ་བར་གཤེགས་པས་དང་ལྷ་ཡུལ་ཕན་པ་མཆོག།བྲེད་དང་བདེ་ལྡན་སྦྱིན་མཛད་ཡོན་ཏན་མཐའ་ཡས་པ།།མཚུངས་ཤིང་འབྲེལ་ལོ་ལེགས
95b6 གསུངས་གསལ་བའི་གསུང་ལྡན་པ།།འཛུམ་བསྟན་འདི་ཡི་དན་ནི་ཇི་ལྟར་རྟོགས་པར་བགྱི།།ལིང་ཏོག་སྟུག་པོ་མུན་པ་རབོ་རིབ་རྣམ་བསལ་བ།།ཤེས་རབ་སྒྲོན་མ་འོད་ཀྱི་གཟི་བརྗིད
95b7 ལྡན་པ་པོ།།གླང་ཆེན་ཁྱུ་མཆོག་སྟོབས་དང་སེང་གེའི་སྟབས་ལྟར་བརྗོད།།འགྲོ་བའི་དོན་མཛད་འཛུམ་པའི་དོན་ནི་བསྟན་དུ་གསོལ།།མི་ཡི་དམ་པ་མི་ངན་ཚོགས་ཅན་འདུལ་མཛད




iiif viewer powered by OpenSeadragon

95a - 96a

Texts on this page

N237 - 'phags pa bzhi pa sgrub pa zhes bya ba theg pa chen po'i mdo