| | e-texts navigator
|
95a1 ལམ་ཆོད་པའི་ལས་བགྱི་བའི་སླད་དུ་གཏོར་ཏོ།།འཇམ་དཔལ་གྱིས་སྨྲས་པ།ལྷའི་བུ་ཇི་ལྟར་མེ་ཏོག་འདི་དག་སྤྲུལ་པ་ཡིན་པ་ལྟར་བྱང་ཆུབ་སེམས་དཔའ
95a2 དེ་དག་གི་ལུས་ལའང་དེ་བཞིན་དུ་བལྟའོ།།དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད།།འདི་ནི་སངྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས
95a3 ཉིད་དེ།དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་འདི་ལྟ་སྟེ།སྔོན་པོ་དང་།སེར་པོ་དང་།དམར་པོ་དང་།དཀར་པོ་དང་།ལེབ་རྒན
95a4 དང་།ཤེལ་གྱི་ཁ་དོག་ལྟ་བུ་དག་བྱུང་།།དེ་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བས་ཁྱབ་པར་བྱས་ནས།སྟེང་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ
95a5 མངོན་པར་བྱུང་སྟེ།གཟི་བརྗིད་ཀྱིས་ཉི་མ་དང་ཟླ་བའི་གཟི་བརྗིད་ཟིལ་གྱིས་གནན་ནས་སླར་ལོག་སྟེ།བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ།།དེ་ནས་ལྷའི་བུ་དཔལ་བཟངས།།
95a6 ལྡན་སྟན་ལས་ལངས་ཏེ།བླ་གྲོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལཾ་བཙུགས་ཏེ།བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད
95a7 ནས་རྡོ་བཅོམ་ལྡན་འདས་ལ་ཚིག་སུ་བཅད་པས་བསྟོད་པ།གསེར་བཟང་དྲི་མ་མེད་པའི་འོད་ཀྱིས་གཟི་བརྗིད་ལྡན།།སྐྱེས་ཆེན་མཚན་མཆོག་སུམ་ཅུ་རྩ་གཉིས་སྣ་ཚོགས
iiif viewer powered by OpenSeadragon
94b - 95b