e-texts navigator
Collection
Volume
Page
Wylie

94a1 བ་དན་གྱིས་གང་བར་མཐོང་བ་དང་།འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་མཐོང་བ་སྟེ།བཞི་པོ་དེ་དག་གོ།།ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས།
94a2 ཀྱིས་བདུད་འདུལ་བའི་རྒྱུ་མཐུན་པའི་རྨི་ལམ་མོ།།བཞི་གང་ཞེན་གྱང་ཆེན་པོས་ཀྱང་ཐམས་ཅད་མནན་ནས་བ་དན་ཐོགས་ཏེ་འབྲོ་བར་མཐོང་བ་དང་།དཔའ་བོ་ཆེན་པོས་གཡུལ་ལས
94a3 འདས་ཏེ་འགྲོ་བར་མཐོང་བ་དང་།རྒྱལ་པོ་དབང་བསྐུར་བར་མཐོང་བ་དང་།བདག་ཉིད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཅིང་བདུད་འདུལ་བར་མཐོང་བ་སྟེ།བཞི་པོ་དེ་དག་གོ་ལྷའི་བུ
94a4 བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་རྟགས་ཀྱི་རྒྱུ་མཐུན་པའི་རྨི་ལམ་མོ།།བཞི་གང་ཞེ་ན་མགོ་ལ་ཐོད་དཀར་པོས་བཅིངས་པ་མཐོང་བ་དང་།བདག
94a5 གཏན་པ་མེད་པའི་མཆོད་སྦྱིན་ཕྱེད་པར་མཐོང་བ་དང་།བདག་ཆོས་ཀྱི་སྟན་ཆེན་པོ་ལ་འདུག་པར་མཐོང་བ་དང་།དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཤིང་ཆོས
94a6 སྟོན་པར་མཐོང་བ་སྟེ།བཞི་པོ་དེ་དག་གོ།།ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སྙིང་པོ་འཐོབ་པའི་རྒྱུ་མཐུན་པའི་རྨི་ལམ་མོ།།བཞི་གང་ཞེ་ན་བུམ་པ་མཐོང་བ
94a7 དང་།བྱ་ཙེ་ཤེས་བསྐོར་བར་མཐོང་བ་དང་།གང་དང་གང་དུ་འགྲོ་བ་དེ་དང་དེ་ཉིད་དུ་ཤིང་ཐམས་ཅད་དང་ལྡན་ཞིང་འདུད་ལ་ཕྱག་འཚལ་བར་བྱེད་པ་དང་།གསེར་གྱི་ཁ་དོག




iiif viewer powered by OpenSeadragon

93b - 94b

Texts on this page

N237 - 'phags pa bzhi pa sgrub pa zhes bya ba theg pa chen po'i mdo