| | e-texts navigator
|
93b1 པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་འཛིན་ཐོབ་པའི་རྒྱུ་མཐུན་པའི་རྨི་ལམ་མོ།།བཞི་གང་ཞེ་ན།བུ་མོ་བཟང་མོ་རྒྱན་བཟང་པོས་བརྒྱན་པ་མེ་ཏོག་སིལ་མ་འབུལ་བར
93b2 མཐོང་བ་དང་།ན་མཁའ་ལ་བྱ་དང་པ་དཀར་པོ་ཐལ་དཀར་གྱི་ཁྱུ་སྐད་འབྱིན་ཅིང་འགྲོ་བར་མཐོང་བ་དང་།དེ་བཞིན་གཤེགས་པའོད་མང་པོས་བརྒྱན་པའི་ཕྱག་སྤྱི་བོར་འཇོག་པ་མཐོང་བ
93b3 དང་།དེ་བཞིན་གཤེགས་པ་མེ་ཏོག་པདྨ་ལ་བཞུགས་ཤིང་བསམ་གཏན་མཛད་པར་མཐོང་བ་སྟེ་བཞི་པོ་དེ་དག་གོ།ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རེ
93b4 བཞིན་གཤེགས་པ་མཐོང་བའི་རྒྱུ་མཐུན་པའི་རྨི་ལ་མོ།།བཞི་གང་ཞེ་ན།ཟླ་བའི་དཀྱིལ་འཁོར་འཆར་བར་མཐོང་བ་དང་།ཉི་མའི་དཀྱིལ་འཁོར་འཆར་བར་མཐོང་བ་དང་།མེ་ཏོག
93b5 པདྨ་ཁ་འབུས་པར་མཐོང་བ་དང་།ཚངས་པའི་དབང་པོ་རབ་ཏུ་ཞི་བའི་སྤྱོད་ལམ་མཐོང་བ་སྟེ།ལྷའི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་གཤེགས་པ
93b6 མཐིང་བའི་རྒྱུ་མཐུན་པའི་རྨི་ལ་མོ།།ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་མཚན་ཉིད་ཀྱི་རྒྱུ་མཐུན་པའི་རྨི་ལ་མོ།།བཞི་གང་ཞེ་ན།ཤིང་སཱ་ལ་ཆེན་པོའི
93b7 འདབ་མ་དང་།མེ་ཏོག་དང་།འབྲས་བུ་སྣ་ཚོགས་ཀྱིས་གྲང་བར་མཐོང་བ་དང་།ཁར་བའི་སྣོད་གསེར་གྱིས་གང་བར་མཐོང་བ་དང་།ནམ་མཁའི་ངོས་གདུགས་དང་།རྒྱལ་མཚན་དང་།
iiif viewer powered by OpenSeadragon
93a - 94a