| | e-texts navigator
|
93a1 བཞི་པོ་དེ་དག་གོ།ལྷའི་དུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཀྱི་སྒྲིབ་པའི་རྒྱུ་མཐུན་པའི་རྨི་ལ་མོ།།བཞི་གང་ཞེ་ན།གཡངས
93a2 ཆེན་པོ་ནས་བདག་གཡང་དུ་ལྷུང་བར་མཐོང་བ་དང་།།ལམ་མཐོང་མོའི་ཅན་དུ་མཐོང་བ་དང་།བདག་ལ་མ་སྲང་དག་པར་ཞུགས་པར་མཐོང་བ་དང་།རྨི་ལམ་ན་ཕྱོགས
93a3 བསླད་ཅིང་འཇིགས་པ་མང་པོ་མཐོང་བ་སྟེ།བཞི་པོ་དེ་དག་གོ།།ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པའི་རྒྱུ་མཐུན་པའི་རྨི
93a4 ལམ་མོ།།བཞི་གང་ཞེ་ན།དུག་དྲག་པོས་འཁྲུགས་པར་མཐོང་བ་དང་།གཅན་གཟན་གཏུམ་པོ་ཕལ་པོ་ཆེའི་སྒྲ་ཐོས་པ་དང་།བདག་གཡོན་ཅན་གྱི་ནིང་ན་གནས་པར
93a5 མཐོང་བ་དང་།བདག་གི་ལུས་དྲི་མ་ཅན་དང་གྲོས་དྲི་མ་ཅན་དུ་མཐོང་བ་སྟེ།བཞི་པོ་དེ་དྲུག་གོ།ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས
93a6 འཐོབ་པའི་རྒྱུ་མཐུན་པའི་རྨི་ལམ་མོ།།བཞི་གང་ཞེ་ན།གཏེར་ཆེན་པོ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་མཐོང་བ་དང་།རྫིང་བུ་མེ་ཏོག་པདྨ་རྒྱས་པས་ཡོངསུ་གང
93a7 བ་མཐོང་བ་དང་།བདག་གོས་དཀར་པོའི་ཕྲུགས་རྙེད་པར་མཐོང་བ་དང་།ལྷ་ཞིག་སྤྱི་བོའི་གཙུག་ན་གདུགས་འཛིན་པར་མཐོང་བ་སྟེ།བཞི་པོ་དེ་དག་གོ།ལྷའི་བུ་བཞི
iiif viewer powered by OpenSeadragon
92b - 93b