| | e-texts navigator
|
87a1 རི་དགས་རྒྱལ་པོ་བཞིན་དུ་འཇིགས་སྦྱངས་ཏེ།།མཁས་པས་དགོན་གནས་རྟག་ཏུ་བསྟེན་པར་བྱ།།ཆོས་འདི་དག་ལ་རྟག་ཏུ་རབ་གནས་ན།།བདུད་རྣམས
87a2 བཅོམ་ནས་བྱང་ཆུབ་དེ་འཚང་རྒྱ།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་དང་།བྱང་ཆུབ་སེམས་དཔའ་དེ་དག་དང་།ཐམས་ཅད་དང་ལྡན
87a3 བའི་འཁོར་དེ་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགསོ།།།
87a4 རྒྱ་གར་སྐད་དུ།ཨཱརྱ་ཙ་ཏྲ་ཤྲཱ་ནི་ར་ཧཱ་རེ་ནཱ་མ་མ་ཧཱ་ཡཱ་ནཱ་སཱུ་ཏཱ།བོད་སྐད་དུ།འཕགས་པ་བཞི་པ་སྒྲུབ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།།སངས་རྒྱས་དང་བྱང་ཆུབ་སེམས
87a5 དཔའ་ཐམས་ཅད་ལེ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་ན།རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན
87a6 དགའ་ར་བ་ན།དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཐམས་ཅད་ཀྱང་གོ་ཆ་ཆེན་པོ་བགོས་པ་ཤ་སྟག་དང་།འདོད་པ་ན
87a7 སྤྱོད་པ་དང་།གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ།དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངསུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས
iiif viewer powered by OpenSeadragon
86b - 87b