| | e-texts navigator
|
48a1 རྒྱན་ཐམས་ཅད་ཀྱི་བར་གྱི་ཆར་འདེབས་སོ།།དེ་ནས་བཅོམ་ལྡན་འདས་རིམ་པོ་ཆེ་གཏོང་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ།སེང་གེ་བསྒྱིངས་པས་ཕྱོགས་བཅུར་རྣམ་པར་གཟིགས
48a2 སོ།།བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུར་གཟིགས་མ་ཐག་ཏུ་དེ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་ནས་སངས་རྒྱས་བཅྡོཾས་ཇི་སྙེད་སངྱས་ཀྱི་སྤྱན་ལ་སྣང་བ་དེ་དག་ཐམས་ཅད་ལྷག
48a3 མཐིལ་དུ་བཞག་པ་བཞིན་དུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་ཀུན་ཏུ་སྣང་ངོ་།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཇི་ལྟར་ཕྱེད་པ
48a4 དེ་འདྲ་བའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཕྱུང་སྟེ།དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པ་ཕྱུང་བ་ཇི་སྙེད་པ་དེ་དག་ཐཾད་ཀྱང་བཅོམ་ལྡན་འདས་ག་ལེ་བ་དེར་ལོགསུ་དོང་སྟེ་ཕྱིན་ནས་བཅོམ
48a5 ལྡན་འདས་ཀྱི་འཁོར་གྱི་ནང་དུ་འདུས་པར་གྱུར་ཏོ།།བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ཀྱང་།དགེ་སློང་དང་།དགེ་སློང་མ་དང་།དགེ་བསྙེན་དང་།དགེ་བསྙེན་མ་གངྒཱའི་བྱེ་མ
48a6 སྙིང་དག་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོ་དཔེ་མེད་པ་ཐོགས་ཏེ་འདིར་ལྷགསོ།།དེ་བཞིན་དུ་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།ལྷ་མ་ཡིན་དང་།།
48a7 ན་མཁའ་ལྡིང་དང་།མི་འམ་ཅི་དང་།ལྟོ་འཕྱེ་ཆེན་པོ་དང་།མི་དང་མི་མ་ཡིན་པ་དུ་མ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་མཐོང་ནས་བཅོམ་ལྡན་འདས་གོ་ལ་བ་དེར
iiif viewer powered by OpenSeadragon
47b - 48b