e-texts navigator
Collection
Volume
Page
Wylie

47b1 མེ་ཏོག་གི་རླུང་ནུ་མནྡཱ་ར་བའི་ཡལ་ག་དང་འདྲལ།ན་མཁའ་ལྡིང་གི་རྒྱལ་པོ་བྱ་རོག་གིས་བསྐོར་བ་དང་འདྲ་བར་བཅོམ་ལྡན་འདས་དྲང་སྲོང་རྣམས་ཀྱི་ནང་ན་ཉི་ཡང་གྱུར་དུ་མཛེསོ།།དེ་ནས་བཅོམ།
47b2 ལྡན་འདས་རིན་པོ་ཆེའི་གཏོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་རྣམས་པར་ཞུགས་ཏེ།རྫུ་འཕྲུལ་གྱི་ཆོ་འཕྲུལ་དཔག་ཏུ་མེད་པར་མཛད་ཅིང་བློ་གཡས་གཡོན་གཉིས་ནས་འོད་ཟེར་ཕྱུང་སྟེ།དེ
47b3 བཞིན་གཤེགས་པ་བྱེ་བ་དཔག་ཏུ་མེད་པ་ཕྱུང་།བྱང་ཆུབ་སེམས་དཔའ་བྱེ་བ་དཔག་ཏུ་མེད་པ་དང་།བརྒྱ་བྱིན་དང་།ཚངས་པ་དང་།འཇིག་རྟེན་སྐྱོང་བ་དངག་ཏུ་མེད་པ་ཕྱུང་།དགྲ་བཅོམ
47b4 པ་བརྒྱ་སྟོང་དཔག་ཏུ་མེད་པ་ཕྱུང་།དགེ་སློང་དང་།དགེ་སློང་མ་དང་།དགེ་བསྙེན་དང་།དགེ་བསྙེན་མ་བརྒྱ་སྟོང་དཔག་ཏུ་མེད་པ་ཕྱུང་འཇོ་སྒྱུར་བ་དང་སྟོ་སྤྱི་གྲོལ་དྷཱ་ང་གཱ་ས་ཀྱི་རྒྱལ་པོ་དང་།
47b5 རིག་སྔགས་འཆང་དཔག་ཏུ་མེད་པ་ཕྱུང་།རྒྱ་དང་།རི་བྲགས་པ་དང་།འགྲོ་ལྡིང་བ་དང་།ལྷོ་ཕྱོགས་པ་དང་།ནགས་ཁྲོད་པ་དཔག་ཏུ་མེད་པ་ཕྱུང་།རྒྱལ་རིགས་ཤིང་སེལ་ཆེན་པོ་ལྟ་བུ་དང་།
47b6 བྲམ་ཟེ་དང་ཁྱིམ་བདག་ཤིང་སཱ་ལ་ཚོན་པོ་ལྟ་བུ་དང་།མི་གཟུགས་དང་།ཆེ་བྱད་དང་།མངག་དང་།སྨྲ་བའི་སྐད་སྣ་ཚོགས་པ་ཇི་སྙེད་པ་དང་།ལྷའི་རིས་ཇི་སྐྱེད་པ་དེ་དག་ཐམས་ཅད་དེ་བཞིན
47b7 གཤེགས་པའི་སྐུ་ལས་ཕྱུང་ངོ་།།དེ་ནས་འཁོར་ཆེན་པོ་དེ་ཐེ་ཚོམ་དུ་གྱུར་ནས་ཕན་ཚུན་གདོང་དུ་ལྟའོ།།བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་དགའ་སྟེ།རིན་པོ་ཆེ་ཆར་འབེབས་པ་ནས




iiif viewer powered by OpenSeadragon

47a - 48a

Texts on this page

N231 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo