e-texts navigator
Collection
Volume
Page
Wylie

47a1 འཕགས་པ་དེ་ན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།སངས་རྒྱས་དྲང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།།འདི་སྐད
47a2 བདག་གིས་ཐོས་པ་དུས་གཅིག་ཆ།།བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་ག་ཡའི་རི་ལ་དགེ་སློང་མངོན་པར་ཞུགས་པ་མངོན་པར་ཞུགས་པ་རྣམས
47a3 དང་།བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་ཅིག་ཏུ་བཞུགས་ཏེ།ལྷ་བྱེ་བ་ཕྲག་ཉི་ཤུ་རྩ་བརྒྱད་དང་།དགེ་སློང་དང་།དགེ་སློང་མ་དང་།དགེ་བསྙེན་དང་།དགེ་བསྙེན
47a4 མ་བརྒྱད་ཁྲི་དྲུག་སྟོང་དང་།གྱད་དྲུག་ཁྲི་དང་།གཅེར་བུ་པ་བྱེ་བ་ཕྲུག་བཅུ་གཉིས་དང་།དྲིང་སྲོང་ཆེན་པོ་མངོན་པར་ཤེས་པ་ལྔ་དང་ལྡན་པ།གདུང་པ་ལྔས་ཡན་ལག་གཅིག་པ་ལྔ
47a5 བརྒྱ་ཡན་ལག་དཀར་བ།ཤ་མེད་ཅིང་རུས་མགོ་ལྤགས་ཀྱིས་ཡིག་པཾ།ལྟོ་ཞར་ཞིང་སྐྲའི་ཁུར་ཁྱེར་བ།ལུས་ཆུབ།གཡང་གཞི་དང་ཤིང་ཤུན་གྱོན་པ།ལག་ན་རིལ་པ་ཐོགས
47a6 པ་བརྒྱད་ཁྲི་བཞི་སྟོང་དང་ཡང་ཐབས་ཅིག་གོ།རྒལ་བར་འདུན་པ་རྣམས་དང་ཡང་ཐབས་ཅིགོ།དེ་ནས་བཅོམ་ལྡན་འདས་རི་ནག་པོ་རྣམས་ཀྱི་ནང་ན་རིའི་རྒྱལ་པོ་རི་རབ་ལྟར་དྲང་སྲོང
47a7 རྣམས་ཀྱི་ནང་ན་ལྷམ་མེ།ལྷན་ནེ།།ལྷང་ང་སྟེ།ལུག་རྣམས་ཀྱི་ནང་ན་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་པ་འདྲ་ལེ།སྲིན་བུ་མེ་ཁྱེར་གྱི་དྲུང་ན་ཉི་ཟླ་དང་མཚུངས་ཤིང་།རྩ་ཀ་ཤིའི




iiif viewer powered by OpenSeadragon

46b - 47b

Texts on this page

N231 - 'phags pa don dam pa'i chos kyi rnam par rgyal ba zhes bya ba theg pa chen po'i mdo