| | e-texts navigator
|
21b1 ཅན་དུལ་བ་ནས་པ་སྔུ་འཆམོ།།བདག་གི་སེམས་ཅན་གྱི་རྣམས་བསྒྲལྔ་དྷའི་ར་མངའ་ནུས་ཏེ།སེམས་ཅན་གྱི་རྣམས་སེམས་ཅན་དམྱལ་བ་རྣམ་སུ་ལྟུང་ན་བདག་གིས་སངས་རྒྱས་ཀྱི་སྐུ་ལུས
21b2 ནུབ་ཅིང་མེད་པར་བགྱིས་ལེགས་ན།བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཆོས་འདི་བདག་ལ་གཏད་ཅིང་གདམས་པར་སྨོན་ཏོ།།བདག་ལའང་སེམས་ཅན་རྒྱ་ཆེར་བསྒྲོལ་བ་བཤད་དེ་སེམས་ཅན
21b3 ཀྱི་རྣམས་ཐོས་པ་ཉུང་ལྔ་ཤེས་པ་མང་།མཐོང་བ་ཉུང་ལ་རིག་པ་མང་།ཡི་གེའི་རི་མོ་མང་དུ་མ་འཚལ་བར་གཞུང་གི་མངོན་རྟགས་ཐོབ་སྟེ།ཆོས་ཉུང་ངུསོ་ཡང་དགེ་པར་གྲོལ་ཐར་ལ།གཞན
21b4 དོགས་པ་འདྲི་བ་མ་མཆིས་པར་བགྱི་ནཱ།སངས་རྒྱས་ཀྱིས་བྱམས་ཤིང་ཐུགས་རྗེས་གཟིགས་ཏེ་བདག་ལ་དགྲོལ་བཤད་པར་སྨོན་ཏེ།།སངས་རྒྱས་ཀྱིས་ཕལ་མང་པོ་ལ་བཀའ་སྩལ་པ།
21b5 བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོ་འདིས་བསྐལ་བ་བརྒྱ་སྟོང་ཁྲི་འབུམ་གྱི་སངས་རྒྱས་རྣམས་ལ་ཡོན་གསོལ་མྱོང་ཟིན་པས་ནྱ།།ཐབས་སྤྱོད་པ་མཁས་ཏེ་སེམས་ཅན་ལ་ར་མདོའ་བྱ
21b6 ཞིང་བསྒྲལ་ནུས་སོ།།བྱང་ཆུབ་སེམས་དཔའ་འདིས་རོ་བྲོ་བའི་རླུང་སྤྱད་དེ་སེམས་ཅན་རྣམས་ཀྱི་སྲོག་མཐུང་ནུས་སོ།།ཁྱེད་ལ་སོགས་པ་ད་ལྟའི་དང་།མ་འོངས་པའི་དུས་ཀྱི་སེམས་ཅན།།
21b7 རྣམས་ཀྱིས་བྱང་ཆུབ་སེམས་དཔའ་འདིའི་མིང་གཟུངས་སུ་བཟུང་གོ་སྟེང་དུ།དགེ་བའི་བཤེས་གཉེན་ཚོན་པོ་གྱིས།མྱ་ངན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པར་ཐར
iiif viewer powered by OpenSeadragon
21a - 22a