| | e-texts navigator
|
20b1 ཏིང་ཆགས་པ་མྱེད་པའི་ཕྱིར་རོ།།ཚུལ་ཐར་པ་འདི་གསུམ་ནི་ཀུན་ཀྱང་སེམས་གཅིག་ལས་སྐྱེས་ཏེ།སེམས་ཅན་ཐམས་ཅད་ལ་སེམས་གཉི་སུ་མེད་པའི་ཕྱིར་རོ།།སེམས་ཅན་ཐམས་ཅད་ཀུན་ལྔ་ཐེད
20b2 པ་གཅིག་པུ་ཡོད་དོ།།བྱང་ཆུབ་སེམས་དཔའི་ཆོས་ཀྱི་རྒྱལ་པོ་ཆོས་གཅིག་ཤེས་པར་ནོས་ན་ཆོས་གཅིག་མི་ཤེས་པ་མང་ངོ་།།ཆོས་གཅིག་མི་ཤེས་ན་ཆོས་གཅིག་ཏུ་ཤེས་པ་མེད་དོ།།ཇི་ལྟ
20b3 ཞེས་བྱས་ན།ཆོས་ཀྱི་རྣམས་མི་གཅིག་པ་མེད་པའི་ཕྱིརརོ།།བྱང་ཆུབ་སེམས་དཔའ་འདི་གཅིག་པུ་ཐོས་ན་དེ་ནི་ཉུང་ངུ་ཐོས་པ་ཡིན་ནོ།།ཆོས་མི་ཤེས་པ་མེད་པ་དེའི་མིང་ནི་མང་དུ་ཤེས་པའོ།།
20b4 རྗེའི་ཕྱིར་ཞེས་བྱས་ན།ཆོས་སོ་ཅོག་གི་ངོ་བོ་ཉིད་གཅོད་མ་གཅིག་ལ་འདུས་པའི་ཕྱིར་རོ།།གཅིག་པུ་འདི་མཐོང་དྲིའི་ཕྱིར་རོ།།གཅིག་པུ་འདྲི་མཐོང་ན་སངས་རྒྱས་ཐམས་ཅད་ཀྱི་ལུས་མཐོང
20b5 ཅིའི་ཕྱིར་ཞེས་བྱས་ན།སངས་རྒྱས་སོ་ཅོག་གི་ལུས་ནི་གཅུང་མ་གཅིག་ལས་བྱུང་བའི་ཕྱིར།།གཙང་མ་གཅིག་གིས་ནི་སངས་རྒྱས་གཅིག་གི་ལུས་དང་།སངས་རྒྱས་ཀྱི་སྐུ་གཅིག་དང་།བྱང
20b6 ཆུབ་ཀྱི་སྡོང་པོ་གཅིག་ཡིནོ།།རིགས་ཀྱི་བུ་ཕོ་ཆེས་འདིའི་ནང་ནས་མྱ་ངན་འཁྲུབ་པའི་རྣམས་བཅད་པ་ནི་དཔེར་སྡོང་པོ་བཅད་པ་དང་མཚུངས།རྩུ་བ་འབའ་ཞིག་བཅད་ཀྱི་ཡལ་གང
20b7 མིདབ་མ་མི་གཅོད་དོ།།ཅིའི་ཕྱིར་ཞེས་བྱས་ན།དཔེར་མི་ལ་ལ་ཞི་གོ་ལུས་ལ་དུག་མངས་འོག་སྟེ།ལུས་ན་ཆེ་བ་ལེ་མདའ་ཕྱུང་ན་ནི་ནད་ཀྱང་སོས་སོ།།མདའ་མ་ཕྱུང་ན་ནི་ནད་ཀྱང་མི་སོ་སོ།།
iiif viewer powered by OpenSeadragon
20a - 21a