| | e-texts navigator
|
20a1 སེམས་ལ་བསམ་པ་མེད་ན་སེམས་མི་གཡོའོ།།སེམས་མི་གཡོན་སེམས་ཀྱི་གནས་ཀྱང་མེད་དེ།དེའི་མིང་ནི་གཙང་གདང་ངོ་།།གཙང་གདང་བའི་སྟོང་པའི་སེམས་ནི་ངོ་རྗེ
20a2 ཉིད་ཕྱི་མོ་ནས་གཙང་གདང་སྟེ་གཙང་མས་མངོན་བརྟགས་པར་ཡང་མེད་དོ།།གཙང་གདང་པའི་སེམས་དང་ཡང་བྲལ་བས་ན་གཙང་གདང་ཞེས་བཤད་དོ།།བྱང་ཆུབ་སེམས་དཔའ་ནི
20a3 གཙང་གདང་བའི་སེམས་ལ་བྱ་བའང་མེད།གཡོ་བའང་མེད།དྲི་མའང་མེད།གཙང་མའང་མེད།སྐྱེ་བའང་མེད།འབྲི་བའང་མེད་དེ་མཐར་ཅིས་ཀྱང་གོས་པ་མེད།།གནས་གཅིག་ལའང།
20a4 འདུག་པ་མེད།དེའི་མིང་དང་གྲངས་ལས་ཡོང་བྲལ་ལོ།།རྟག་པ་དེ་བཞིན་ན་དེ་བཞིན་ཞེས་བྱ་བའང་མེད་དེ།།དཔེར་རྡོ་རྗེ་དང་མཚུངས་ཏེ་ངོ་བོ་ཉིད་གཅིག་པུ་ལ་ཞིག་པའང་མེད་དོ།།དཔེར་ན་མཁའ
20a5 དང་མཚུངས་ཏེ་ཐམས་ཅད་ཤོང་།།དཔེར་མེ་ཏོག་པདྨོ་དང་མཚུངས་ཏེ་སྲེད་པའི་ཆུས་མི་ཆགས་སོ།།ལས་འདི་སྤྲད་ན་ཡང་དག་པར་གྲོལ་ཐར་ཏེ་སྐྱེ་ཤི་འབབ་ལས་འདས་ཏེ།སེམས་ཅན
20a6 དམྱལ་བའི་སྡུག་བསྔལ་ལས་ཕྱིན་ཏོ།།བྱང་ཆུབ་སེམས་དཔའ་སེམས་གཅིག་གི་ཆོས་འདི་མིང་གཅིག་ནི་འོ་གྱོད་ཚངས་ཀྱིས་གྲོལ་ཐར་པོ་ཞེས་ཀྱང་བྱ་སྟེ་ཡང་དག་པའི་བདེན་པའི།།
20a7 གཞུང་མཐོང་བའི་ཕྱིར་རོ།།གཉིསུ་ན་མིང་ཆོས་སྤྱད་པས་གྲོལ་ཐར་ཅེས་ཀྱང་བྱ་སྟེ།ནགས་གཅིག་ན་འདུག་པའི་ཕྱིར་རོ།།གསུམ་དུ་ན་མིང་སྤྱད་པ་མེད་པ་གྲོལ་ཐར་ཅེས་ཀྱང་བྱ་སྟེ།འདུག
iiif viewer powered by OpenSeadragon
19b - 20b