e-texts navigator
Collection
Volume
Page
Wylie

19b1 ནའང་ཀུན་སོས་ཏེ་འདྲེ་གདོན་དང་ངན་པའི་རྣམས་ཉེ་ནུས་པ་མེད་དོ།།བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་སེམས་ཅན་ལ་ཕན་བསྟོད་དེ་ལྟ་བུ་ཡོད་ཀྱིས་ངས་ཆོས་ཀྱི་ཡི་གེ་འདི་ཁྱོད་ལ་གཏམས་ཏེ།གཏད་ལ
19b2 གཅིག་ཏུ་ན་སེམས་ཅན་ལ་ར་མདའ་བྱ་ཞིང་བསྒྲལ་བའི་ཆོས་ཉུང་ངུ་ཐོས་ལ་མང་དུ་ཤེས་པ་དང་།ཉུང་ངུ་མཐོང་བ་ལ་མང་དུ་རིག་པ་དང་།ཡི་གེའི་རི་མོ་མང་དུ་མ་བཙལ་བར་གཞུང་གི་མངོན་རྟགས
19b3 ཐོབ་པའང་བཤད་ཀྱིས།ཁྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའི་རྣམས་ཀུན་སེམས་གཅིག་ཏུ་བརྟགས་པར་ཉོན་ཅིག་དང་ཁྱོད་ལ་དགྲོལ་བཤད་དོ།།སེམས་ཅན་ཐམས་ཅད་ཀུན་སེམས
19b4 གཅིག།སངས་རྒྱས་གཅིག།ངོ་བོ་ཉིད་གཅིག་སྟེ།མྱ་ངན་འཁྲུག་པ་ཐམས་ཅད་ཀུན་ནི་སེམས་གཅིག་ལས་སྐྱེས་སོ།།ཀུན་ཀྱང་འདུ་མཆེད་དང་ཤེས་རབ་གཉིས་ཀྱི་གནས་ཀྱི་རྒྱུ་ལས
19b5 ལངསོ།།ཇི་ལྟ་ཞེས་བྱས་ན།རྒྱུའི་རང་བཞིན་དང་།བདག་གི་རང་བཞིན་དང་།རང་བཞིན་གཉིས་ཀྱི་སྟོབས་ལོས་སྟོབས་རྣམས་གཉིས་ཀྱི་རང་བཞིན་གཡོས་ཏེ།སྐད་ཅིག་བསམས
19b6 པ་ལས་མི་བདེནྡ་པ་རཱི་སེམས་སྐྱེས་ཏེ།མི་བདེན་པ་དེ་ལ་ནི་ཕྱི་མོའང་མེད་དོ།།སྐད་ཅིག་སེམས་གཡོས་པའི་ཚེ་མྱ་ངན་འཁྲུག་པའང་མོད་བཞིན་ལྡང་ངོ་།།སེམས་འདི་ལ་བརྟགས་ན་མི་བདེན
19b7 པའི་སེམས་ལ་ཕྱི་མོ་མེད་དོ།།ཕྱི་མོ་མེད་ན་གནས་ཀྱང་མེད་དོ།།དེ་ལ་གནས་མེད་པར་རྟོགས་ན་ཚོར་བའི་སེམས་སྐྱེས་ཏེ།ཕྱི་མོ་ཚོར་བའི་སེམས་གཙང་མ་ལ་བསམ་པ་ཡོང་མེད་དོ།།




iiif viewer powered by OpenSeadragon

19a - 20a

Texts on this page

N228 - dam pa'i chos kyi rgyal po theg pa chen po'i mdo