e-texts navigator
Collection
Volume
Page
Wylie

19a1 ཚིག་གི་ལམ་ཡང་ཆད་དོ།།དཔེར་ནཱ་ནམ་མཁའ་དང་མཚུངས་ཏེ།ཕྱི་དང་གཉིས་ཀ་གཙང་གདང་ངོ་།།གཙང་གདང་བ་གཅིག་པོ་དེ་ནི་ཕྱི་ནང་ནའང་མི་གནས།བར་ནའང
19a2 མི་གནས།སྨྲ་བའང་མེད།བཤད་པའང་མེད་དོ།།ཇི་ལྟ་བུར་ན་དེའི་ནང་ནས་ནད་ཀྱི་རྩི་བྱེ་བྲག་དབྱེ།བྱེ་བྲག་དབྱེ་བ་མེད་ན་བྱེ་བྲག་དབྱེ་བའི་ཤེས་རབ་ཡིན་ནོ།།རིགས་ཀྱི་བུ་ཕོ་སེམས་གཅིག་དང་།
19a3 གཙང་གདང་བ་གཅིག་།སངས་རྒྱས་ཀྱི་ངོ་བོ་ཉིད་གཅིག་དང་།འདི་རྣམས་དང་བྲལ་ན་སངས་རྒྱས་བཙལ་དུ་འོང་མེད་ཆོས་བཤདུའང་མེད།དགེ་འདུན་ཐོབ་པའང་མེད་དོ།།ཇི་ལྟ་ཞེས་བྱས་ན།སངས
19a4 རྒྱས་ནི་ཆོས་ཡིན་ནོ།།ཆོས་ནི་དགེ་འདུན་ཡིན་ནོ།།དེ་ལྟ་བས་ན་ངས་ཆོས་ཀྱི་ཡི་གེ་འདི་བཤོད་པ་སེམས་ཅན་གྱི་ལུས་གཅིག་སེམས་གཅིག་གཙང་གདང་བ་གཅིག།སངས་རྒྱས་ཀྱི་ངོ་བོ་ཉིད
19a5 གཅིག།སངས་རྒྱས་ཀྱི་ཆོས་ཀྱི་ས་གཅིག།བྱང་ཆུབ་ཀྱི་སྡོང་པོ་གཅིག་གིས་ཁམས་སོ་ཅོག་ཐམས་ཅད་གང་རྒྱས་ཏེ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་དུ་ཆུད་དོ།།རིགས་ཀྱི་བུ་ཕོ
19a6 སངས་རྒྱས་ཐམས་ཅད་ནི་ཆོས་ཀྱི་ཡི་གེ་འདི་ལས་སྐྱེས་སོ།།ཆོས་སོ་ཅོག་ཀུན་ནི་ཆོས་ཀྱི་ཡི་གེ་འདི་ལས་བྱུང་ངོ་།།དགེ་འདུན་ཐམས་ཅད་ཀྱང་ཆོས་ཀྱི་ཡི་གེ་འདི་ལས་སྣང་ངོ་།།ཆོས་ཀྱི
19a7 ཡི་གེ་འདི་མནོས་ཤིང་གཟུངསུ་འཛིན་པ་ནི་མིང་དཀོན་མཆོག་གསུམ་གཟུངསུ་འཛིན་པ་ཞེས་བྱའོ།།ཆོས་ཀྱི་ཡི་གེ་འདི་ཀློག་ཅིང་འདིའི་གཞུང་རྒྱ་ཆེར་ཀློག་ཏུ་བཅུག་ན་ལ་ལ་ཞིག་ན་བ




iiif viewer powered by OpenSeadragon

18b - 19b

Texts on this page

N228 - dam pa'i chos kyi rgyal po theg pa chen po'i mdo