e-texts navigator
Collection
Volume
Page
Wylie

130a1 འགྲུས་པར་ཁ་ཏེན་ཀློགས་ལ་བཀྲོལ་བ་ཤད་དེ།ཡི་གེར་དྲིས་ལ་སངས་རྒྱས་ཀྱི་རང་བཞིན་གྱིས་སྐུལ་པ་རྟག་པར་འདུག་སྟེ།ཁྲིམས་ཀྱི་གླེགས་པམ་དུས
130a2 གསུམ་གྱི་བར་དུ་ཚུལ་བཞིན་འབབ་ཅིང་ཐོགས་པ་མེད་པར་བྱས་ཏེ།སེམས་ཅན་ཐམས་ཅད་བསྟན་ཅིང་བསླབ་པའི་རྒྱུན་མི་གཅོད་ཅིང་སངས་རྒྱས་མཐོང་ལ་སངས་རྒྱས་གཅིག་གིས
130a3 གཅིག་ལ་གཏདེ།ཚེ་ཚེ་རབ་སུ་ཡང་ངན་སོང་དང་བགེགས་བརྒྱད་ཀྱི་ནང་དུའང་མི་ལྟུང་ཞིང་རྟག་པར་མིའི་ལམ་དང་གནམ་གྱི་སྟེང་དུ་སྐྱེའོ།།ངས་ད་ལྟར་ཤིང་འདིའི་དྲུང་དུ་འདུག་སྟེ།
130a4 སངས་རྒྱས་རབས་བདུན་གྱི་ཆོས་ཀྱི་ཁྲིམས་མདོ་ཙམ་ཞིག་ཕྱེ་བ་ཁྱེད་ལ་སོགས་པ་སྙིང་གཅིག་ཏུ་བརྟུལ་ཏེ་སོ་སོར་ཐར་པ་ལ་བསླབས་ལ་དགའ་ཞིང་གུས་པར་གྱིས་ཤིག།གཟུགས
130a5 མེད་པའི་གནམ་གྱི་རྒྱལ་པོའི་ལེའུ་སློབ་པའི་བློ་ན་འདེབས་པའི་ནང་ནས་གཅིག་པུ་གཅིག་པུ་ནས་རྒྱ་ཆེ་ཞིང་མངོན་པར་བཤད་དོ།།དེའི་སློབ་མ་མཁས་པ་སུ་མི་སྟོང་འདུག་ཅིང་ཉན་པས
130a6 སངས་རྒྱས་ཀྱིས་ཁ་ཏོན་ཀླགས་པ་ཐོས་ནས་སེམས་ཐག་པ་ནས་སྤྱི་བོ་ལ་ཁྱེར་ཏེ།དགའ་གཞའ་ནས་རྟག་པར་གཟུངསུ་བཟུང་ངོ་།།དེ་ལྟར་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱི་ས་ཡན་ཆད
130a7 པདྨོའི་མེ་ཏོག་གི་སྣོད་ཀྱི་ཁམས་ཀྱི་རྫོགས་ལོངས་སྤྱོད་པའི་སྐུའི་སེམས་ཀྱི་གནས་ཆོས་ཀྱི་སྒོ་མོ་ལེའུ་ཡི་ནང་ན་ཟག་པ་མེད་པའི་ཚུལ་ཁྲིམས་བཅུ་བཤད་ཟིན་ཏོ།།སྟོང་ཕྲག་བརྒྱ་འབུམ




iiif viewer powered by OpenSeadragon

129b - 130b

Texts on this page

N241 - chos kyi rgya mo sangs rgyas rnam par snang mdzad kyis byang chub sems dpa'i sems kyi gnas bshad pa le'u bcu