e-texts navigator
Collection
Volume
Page
Wylie

129b1 ཁྲིས་ལུས་བརྡེགས་པ་དང་མཚུངས་པར་བྱ་སྟེ་བདག་གི་ལུས་བསྐུལ་པ་བརྒྱའི་བར་དུ་སེམས་ཅན་དམྱལ་བར་སོང་ཡང་སླའི།སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་ཚིག་གཅིག་ངན་དུ་ཟེར་བའི་སྐད
129b2 ནོམོ་ཐོས་པར་སྟོན་ཏོ།།བདག་ཉིད་ཀྱིས་ཚུལ་ཁྲིམས་པཤིག་པ་གཞོན་ལ་ལནཱི་ལོན་པ་དང་།ཞར་གྱིས་ཞར་གྱི་ཚུལ་ཁྲིམས་པ་ཤོག་པར་བསྟན་པ་ལྟ་སྨོས་ཀྱང་ཅི་དཀྲིས་ཏེ།སྲིན
129b3 དང་མི་འགལ་བའི་སེམས་མེད་དེ།།དེ་ལྟ་བུ་བྱས་ན་ལྟུང་བའོ།།ཚུལ་ཁྲིམས་འདི་དགུ་བསླབས་ལ་སེམས་གུས་པར་གཟུང་སུ་ཟུང་ཞིག།སངས་རྒྱས་ཀྱི་བུ་རྣམས་ཚུལ་ཁྲིམས་ཡང་བ
129b4 བཞི་བཅུ་རྩ་བརྒྱད་ཁྱེད་ལ་སོགས་པས་རྟག་པོར་གཟུངསུ་ཟུང་ཞིག།སྔར་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ཁ་ཏོན་ཟིན་ཏོ།།ད་ལྟར་གྱི་སངས་རྒྱས་དང་བྱང་ཆུབ
129b5 སེམས་དཔའ་རྣམས་ཀྱིས་ནི་ད་ལྟར་ཁ་ཏེན་བྱས་སོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཕྱིས་འོང་བའི་རྣམས་ནི་ད་དེའི་ཁར་ཁ་ཏོན་བྱེད་དོ།།སངས་རྒྱས་ཀྱི་བུ་ཉོན་ཅིག།ཕས་ཕམ
129b6 པ་བཅུ་དང་།ལྟུང་བ་བཞི་བཅུ་རྩ་བ་གྱོད་ཅིག་འདས་པའི་སངས་རྒྱས་ཀྱིས་ཁ་ཏོན་ཟིན།ད་ལྟར་གྱི་ཁ་ཏོན་བྱས་ཕྱིས་ཀྱང་ཁ་ཏོན་བྱེད།ངའང་དེ་བཞིན་ད་ལྟར་ཁ་ཏོན་བྱེད་དོ།།དེ་ལྟ་བས
129b7 ན་ཁྱེད་ལ་སོགས་པས་སེམས་ཅན་པལ་མང་པོ་རྒྱལ་པོ་དང་རྒྱལ་བུ་དང་།བློན་པོ་དང་དགེ་སློང་དང་དགེ་སློང་མདོང་དགེ་བསྙེན་དང་དགེ་བསྙེན་མས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནོས་ན




iiif viewer powered by OpenSeadragon

129a - 130a

Texts on this page

N241 - chos kyi rgya mo sangs rgyas rnam par snang mdzad kyis byang chub sems dpa'i sems kyi gnas bshad pa le'u bcu