| | e-texts navigator
|
129a1 ཆོས་བྱས་ཏེ།ངའི་སློབ་མ་རྣམ་བཞི་རབ་ཏུ་བྱུང་ཞིང་ཆོས་བྱེད་པར་མི་སྟེར་ཏེ།བགེགས་གཅིག་ཏུ་ན་སངས་རྒྱས་ཀྱི་གཟུགས་དང་།མཆོད་རྟེན་འཛུགས་ཤིང་ཆོས།།
129a2 དང་ཚུལ་ཁྲིམས་ཡི་གེར་འབྲིར་མི་སྟེར་ཏེ།དཀོན་མཆོག་འཇིག་ཅིང་དེ་ལྟ་བུར་ཆེད་དཀར་ཆོས་འཇིག་པ་ནི་ལྟུང་བའོ།།སངས་རྒྱས་ཀྱི་བུ་དགེ་བའི་སེམས་སྤྱོད་པ་ལ་རབ་ཏུ་ཕྱུང་ཤིག།ལགས
129a3 པའི་མིང་སྙན་པ་འདོད་པ་དང་།གསོ་བའི་ཁེའི་ཕྱིར་རྒྱལ་པོ་དང་།བློན་པོའི་མདུན་དུ་སངས་རྒྱས་བདུན་གྱི་ཚུལ་ཁྲིམས་བཤད་དེ།དགེ་སློང་དང་དགེ་སློང་མ་ལ་བྱང་ཆུབ་སེམས་དཔའི
129a4 ཁྲིམས་མི་རིགས་པར་བྱིན་ཏེ།སློབ་མ་རྣམས་བཅིངས་བཏགས་ན་སེང་གེའི་ལུས་ལ་སྲིན་བུ་འདུག་པས་སེང་གི་བདག་གིས་ཤ་ཟོས་པ་དང་མཚུངས་ཏེ།ཕྱིའི་སྲིན་བུས་ཤ་ཟོས་པ
129a5 མེ་ཡིན་ན།།དེ་ལྟ་བས་ན་སངས་རྒྱས་ཀྱི་བུ་མུར་འདུག་དང་།བདུད་ཀྱི་ཆོས་བ་ཤིག་པ་མ་ཡིན་ནོ།།བདག་གིས་ཆོས་པ་ཤིག་པ་ཡིན།།
129a6 སངས་རྒྱས་ཀྱི་ཚུལ་ཁྲིམས་མནོས་ན་སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱི་རིམ་གྲོ་བྱ་བ་ནི་ཕ་མས་ཕ་མ་བུ་གཅིག་པུ་ལ་བསམ་པ་དང་མཚུང་སོ།།ཕ་མ་ལ་སྲི་ཞུ་བྱ་བ་དང་འདྲའོ།།མུར
129a7 འདུག་དང་།མངོན་པ་ལ་ངག་ངན་པ་ཚིག་ངན་བྲོ་སངྱས་ཀྱི་ཚུལ་ཁྲིམས་ལ་སྐུར་པ་ཟེར་ན་མདུང་རྩེ་ཁ་གསུམ་པའི་མདུང་རྩེ་སུམ་རྒྱས་སྙིང་ལ་བཙུགས་པ་དང་།རོལ་གྲི་སྟོང་དབྱིག་པ་སྟོང
iiif viewer powered by OpenSeadragon
128b - 129b