| | e-texts navigator
|
128b1 མཆོག་གསུམ་ལ་ཕྱོགས་ཤིང་ཚུལ་ཁྲིམས་བཅུ་ནོས་ཤིག་ཅེས་བསྒོ་བའི་རིགསོ།།བྱོལ་སོང་གི་ཁམས་ཤིག་ནའང་སེམས་ལ་བསམ་ཁར་སྨྲས་ཏེ།ཁྱོད་ནི་བྱོལ་སོང་ན་བྱང་ཆུབ་སེམས་དཔའི
128b2 སེམས་སྐྱེད་ཅིག་ཅེས་བསམ་ཞིང་བྱའོ།།བྱང་ཆུབ་སེམས་དཔའ་ནི་རཾ་ལུང་དབྱེ་ཐང་ག་ལྀ་གནས་ཀྱང་རུང་སྟེ།སེམས་ཅན་ནོ་ཅོག་ཀུན་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བར་བྱས་ཤིག།བྱང་ཆུབ
128b3 སེམས་དཔའ་སེམས་ཅན་མ་བསྟན་མ་བཅོས་ན་ལྟུང་བའོ།།སངས་རྒྱས་ཀྱི་བུ་རྟག་པར་བསྟན་ཅིང་བཅོས་པའི་སྙིང་རྗེ་ཆེན་པོ་བསྐྱེད་ནས་ཆོས་བྱེད་པ་དང་།ཡ་རབས་ལ་སོགས་པ་སྤྲིན་བདག
128b4 དང་།འདུ་བ་མང་པོའི་ནང་དུ་འགྲོང་ལ་གོས་སྐྱ་བ་གྱོན་ཏེ་ཆོས་བཤད་དུ་མི་རུང་ངོ་།།གོས་སྐྱ་བོ་གྱོན་པ་འདུ་བ་མང་པོའི་ནང་དུ་ཆོས་བཤད་ན་ཆོས་ཀྱི་མཁན་པོ་ནི་ས་མཐོན་པོར་འདུག་ལ་སྤོས་དང་།
128b5 མེ་ཏོག་གིས་ཡོན་གསོལ་ཏེ།མཐར་བཞི་རོ་ཉན་པའི་རྣམས་དམའ་བ་ན་འཁོད་ལ་གུས་པར་མཉན་ཏོ།།ཕ་མ་ལ་སྲི་ཞུ་མི་འགལ་བར་བྱ་བ་དང་།སློབ་མས་མཁན་པོ་ལ་བྱ་བ་བཞིན་ཆོས་ལའང
128b6 དེ་བཞིན་གུས་པར་བྱའོ།།བྲམ་ཟེ་མ་ལྷ་ཅན་ཆོས་བྱེད་པ་བཞིན་གུས་པར་བྱའོ།།དེ་བཞིན་མ་བྱས་ཏེ་ཆོས་འཆད་པ་པོ་ཆོས་བཞིན་དུ་མ་བཤད་ན་ལྟུང་བའོ།།སངས་རྒྱས་ཀྱི་བུ་ཀུན་ཀྱང
128b7 ཐེ་ཚོམ་མེད་པའི་ཡོད་ཀྱི་ཁྲིམས་ནོས་ཤིག།རྒྱལ་པོ་དང་རྒྱལ་བུ་དང་སློབ་མ་སྡེ་བཞི་དང་།བདག་མཐོ་ཞིང་བཙན་སྙེམས་ཏེ།སངས་རྒྱས་ཀྱི་ཆོས་དང་ཚུལ་ཁྲིམས་པ་ཤིག་པ་ནན་ཏུར་གྱིས
iiif viewer powered by OpenSeadragon
128a - 129a