| | e-texts navigator
|
127b1 ཀྱིས་ལས་བྱའོ།།ཆོ་ག་དང་ཚུལ་ཁྲིམས་དང་།ཆོས་ཀྱི་ཡི་གེ་འདི་གཅིག་ནས་གཅིག་ནས་ཁོང་དུ་མ་ཆུད་དོ།།བྱང་ཆུབ་སེམས་དཔའ་གཡོ་བའི་ཁེ་དང་།མིང་སྙན་པ་འདོད་པའི་ཕྱིར་སློབ་མ་ལ་ལེ
127b2 བརྐམ་པས།ངན་པ་བཙལ་ཏེ་མི་ཤེས་པ་ལ་སྒྱུ་མར་ཆོས་དང་།ཚུལ་ཁྲིམས་ཀྱི་ཡི་ག་ཀུན་ཤེས་ཞེས་ཟེར་ཞིང་ཡོན་ལེན་པའི་བདག་ལའང་བསླུས་ཤིང་བརྙས།གཅིག་ཏུ་ན་གཞན་ལའང
127b3 སླུས་ཤིང་བརྙས་ཏེ།དེ་ལྟ་བུས་མི་ལ་ཚུལ་ཁྲིམས་བྱིན་ན་ལྟུང་བའོ།།སངས་རྒྱས་ཀྱི་བུ་གསོ་བའི་ཁེ་འདོད་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མ་མནོས་པའི་མདུན་དུ་མུར་འདུག
127b4 དང་།མ་རབས་ཀྱི་མདུན་དུ་སངས་རྒྱས་སྟོང་གི་ཚུལ་ཁྲིམས་ཆེན་པོ་འདི་བཤོད་དུ་མི་རུང་ངོ་།།ལོག་པར་ལྟ་བའི་མདུན་དུ་མི་རུང་ངོ་།།རྒྱལ་པོ་མ་གཏོགས་པ་གཞན་སུའི་མདུན་དུའང་བཤད
127b5 དུ་མི་རུང་ངོ་།།མི་ངན་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཚུལ་ཁྲིམས་མ་མནོས་པ་ནི་མིང་བྱོལ་སོང་ཞེས་བྱའོ།།གར་སྐྱེས་གར་སྐྱེས་ཀྱང་དཀོན་མཆོག་གསུམ་མི་མཐོང་ཞིང་རྡོ་ཤིང་དང་མཚུངས་སེམས
127b6 མེད་དེ་མོང་ཆོས་ལོག་པ་ཞེས་བྱའོ།།ལོག་པ་ལ་ལྟ་བའི་རྣམས་ནི་ཤིང་དུམ་པ་དང་མཚུངསོ།།བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ངོན་པའི་མདུན་དུ་སངས་རྒྱས་རབས་བདུན་གྱི་ཚུལ་ཁྲིམས་བཤད་དེ
127b7 བསྟན་ན་ལྟུང་བའོ།།སངས་རྒྱས་ཀྱི་བུ་སེམས་ཡིད་ཆེས་ཏེ་རབ་ཏུ་བྱུང་ན།སངས་རྒྱས་ཀྱི་ཚུལ་ཁྲིམས་དམ་པ་མནོས་ལ་ཆད་ཀར་སེམས་བསྐྱེད་དེ།འཕགས་པའི་ཚུལ་ཁྲིམས་བ་ཤིག་ན་སྦྱིན
iiif viewer powered by OpenSeadragon
127a - 128a