e-texts navigator
Collection
Volume
Page
Wylie

126b1 ཐམ་ཡན་ཐམམཅམམཚམ་ས་སམམམ་སམཚམ།མ།ཐ.་ནཿ་ཋས་ནཐམཅ་མས་ཁས་ཐམསམམས་འམ་ས་ཐམ་མམསའ་མམཅན་ཨམའ་ཡ་མསས་མ
126b2 ལ་ཚུལ་ཁྲིམས་སྦྱིན་དུ་མི་རུང་།།གཞན་ནི་ཐམས་ཅད་ཀྱང་ཚུལ་ཁྲིམས་སྦྱིན་དུ་རུང་།།རབ་ཏུ་བྱུང་བའི་ཆོས་ནི་རྒྱལ་པོ་ལའང་ཕྱག་མི་འཚལ།།ཕ་མ་ལའང་ཕྱག་མི་འཚལ།གཉེན་པ་རྣམ་པ
126b3 དྲུག་ལ་འདི་ཞེས་མི་བྱ།ལྷ་མ་སྲིན་ལའང་ཕྱུག་མི་འཆི་ལོ།།ཆོས་ཀྱི་མཁན་པོ་སྐད་ཤེས་པ་ཞིག་རྒྱང་གྲགས་སྟོང་གི་ལོམ་ནས་འོངས་ཏེ།ཁྲིམས་གསོལ་བ་ཞིག་ཡོད་ན་བྱང་ཆུབ་སེམས
126b4 དཔའ་ཆོས་ཀྱི་མཁན་པོས་ངན་སེམས་དང་ཁྲོ་བའི་སེམས་བསྐྱེད།སེམས་ཅན་ནོ་ཅིག་ལ་ཚུལ་ཁྲིམས་མ་བྱིན་ན་ལྟུང་བའོ།།སངས་རྒྱས་ཀྱི་བུ་ལ་བསྟན་བཅོས་ཏེ།ཡིད་ཆེས་པའོ་སེམས
126b5 གཡོ་བར་བྱ་ན་བྱང་ཆུབ་སེམས་དཔས་གཞན་ཚུལ་ཁྲིམས་བསྟོན་པའི་ཆོས་ཀྱི་མཁན་པོ་བྱས་ཏེ།ཚུལ་ཁྲིམས་མནོད་དུ་འོང་བའི་མི་ཞིག་མཐོང་ན་སྔར་མཁན་པོ་སློབ་དཔོན་གཉེར་དུ་བོང་ཞིག
126b6 མཁན་པོ་གཉིས་ཀྱིས་ཀྱང་ཁྱེད་ལ་བདུན་གྱིས་བསྒྲིབས་པའི་སྡིག་ཡོད་དམ་དྲིས་ཤིག།དེ་ལའང་ཚེ་འདི་ལ་བདུན་གྱིས་བསྒྲིབས་པའི་སྡིག་ཡོད་ན་མཁན་པོས་ཚུལ་ཁྲིམས་སྦྱིན་པ་མི་རིགས
126b7 བདུན་གྱིས་བསྒྲིབས་པའི་སྡིག་མེད་ན་ཚུལ་ཁྲིམས་སྦྱིན་དུ་རུང་ངོ་།།ལ་ལ་ཞིག་གིས་ཚུལ་ཁྲིམས་བཅུ་པ་ཤི་གང་ཞིག་ཡོད་ནི་མཐོལ་ཚངས་བྱེད་དུ་ཆུག་ཤིག།སངས་རྒྱས་དང་བྱང་ཆུ
126b8 སེམས་དཔའི་ཞལ་སྔར་ཉིན་མཚན་དྲུག་ཏུ་བ་པོ་བཅུ་དང་།ལྟུང་བ་བཞི་བཅུ་རྩ་བརྒྱད་ཀྱི་ཚུལ་ཁྲིམས་ཁ་ཏོན་དུ་གླགས་ལ་དུས་གསུམ་གྱི་སངས་རྒྱས་ལ་སེམས་ཕོག་པ་ནས་ཕྱོག




iiif viewer powered by OpenSeadragon

126a - 127a

Texts on this page

N241 - chos kyi rgya mo sangs rgyas rnam par snang mdzad kyis byang chub sems dpa'i sems kyi gnas bshad pa le'u bcu